
བསྟུད་མར་ཉིན་འགའི་རིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོ་རུ་སྒྲོག་བཤད་བྱས་པར་མ་ཟད། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་སུ་སིམ་པར་སྐུལ་འདེད་བཏང་།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཀན་ཅེ་ཡིས་ཟླ11པའི་ཚེས11ཉིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་རུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་བཤད་བྱས། ལི་ཀན་ཅེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ལས་གྲོས་འཆམ་བྱུང་བའི《ཆོད་དོན》སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས། མ་ལག་ལྡན་པའི་སྒྲོག་བཤད་དང་འཆད་འགྲེལ་གཏིང་ཟབ་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་སློབ་སྦྱོང་དང་ལག་བསྟར་བྱ་བ་དམ་འཛིན་ཡག་པོ་བྱེད་པར་བླང་བྱ་བཏོན།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཀན་ཅེ་ཡིས་བཤད་རྒྱུར། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། གཟབ་ནན་བྱེད་རྒྱུ་དེ་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་དང་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་གི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱེད་པར་ཁྲིད་སྟོན་བྱེད་པ། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། རང་རྟོགས་ངང“སྲུང་སྐྱོང་གཉིས” ལག་བསྟར་བྱེད་པའི་སྣེ་ཁྲིད་མཁན་བྱེད་དགོས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལེ་ཡིས་ཚེས11ཉིན་ཀྲུང་དབྱང་དྲིལ་སྒྲོག་པུའུ་རུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་བཤད་བྱས། ལི་ཧྲུའུ་ལེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》ལ་དམ་པོར་དམིགས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུར་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་བའི་གལ་ཆེའི་རང་བཞིན་དང་དགོས་གལ་རང་བཞིན། སྤྱིའི་བླང་བྱ། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་སོགས་ཀྱི་ཕྱོགས་ལ་གོ་བ་གཏིང་ཟབ་ལེན་པའི་ཐད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྒྱུད་རིམ་ལྡན་པའི་ངང་འཆད་འགྲེལ་དང་འགྲེལ་ཀློག་ཟབ་མོ་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལེ་ཡིས་བཤད་རྒྱུར། ང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་ཤེས་རྟོགས་ཟབ་མོ་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་དགོས་ལ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པར་མ་ཟད། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། ཚད་གཞི་སྔར་ལས་མཐོན་པོ་དང་། བྱེད་ཐབས་སྔར་ལས་ནན་མོས་རིག་གནས་དྲིལ་སྒྲོག་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་བྱ་བ་དམ་འཛིན་ལེགས་པོ་བྱས་ནས། གུང་ཁྲན་ཏང་མིའི་ཏང་གཤིས་རྒྱུན་མཐུད་ངང་ཇེ་དྲག་ཏུ་གཏོང་དགོས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་དངུལ་རྩ་གཞུང་སྒྲུབ་ཁང་གི་རྒྱུན་ལྡན་ལས་དོན་ལ་འགན་འཁུར་བའི་ཀྲུའུ་རེན་གཞོན་པ། ཀྲུང་དབྱང་དངུལ་རྩའི་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལྡན་ལས་དོན་ལ་འགན་འཁུར་བའི་ཧྲུའུ་ཅི་གཞོན་པ་ཝང་ཅང་གིས་ཚེས11ཉིན་ཨན་ཧུའེ་རུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་བཤད་བྱས། ཝང་ཅང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཐད་བླངས་པའི་རླབས་ཆེན་གྲུབ་འབྲས་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་སོགས་ཀྱི་ཐད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྒྱུད་རིམ་ལྡན་པའི་ངང་སྒྲོག་བཤད་དང་འཆད་འགྲེལ་ཟབ་མོ་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་དངུལ་རྩ་གཞུང་སྒྲུབ་ཁང་གི་རྒྱུན་ལྡན་ལས་དོན་ལ་འགན་འཁུར་བའི་ཀྲུའུ་རེན་གཞོན་པ། ཀྲུང་དབྱང་དངུལ་རྩའི་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལྡན་ལས་དོན་ལ་འགན་འཁུར་བའི་ཧྲུའུ་ཅི་གཞོན་པ་ཝང་ཅང་གིས་བཤད་རྒྱུར། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ཞེས་པའི་ནུས་ལྡན་གྱི་མཚོན་ཆ་འདི་ཁོང་དུ་ཆུད་དགོས་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་ཚན་རིག་དང་མཐུན་པའི་ནང་དོན་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས་ལ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་རིགས་པའི་གཞུང་ལུགས་ལ་རྒྱུས་ལོན་གཏིང་ཟབ་བྱེད་དགོས་པར་མ་ཟད། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་ལག་ལེན་གྱི་རྨང་གཞི་དང་རིགས་པའི་གཞུང་ལུགས་ཀྱི་འབྱུང་རྩར་རྒྱུས་ལོན་གཏིང་ཟབ་བྱེད་དགོས།
ཝང་ཅང་ད་རུང་ཧི་ཧྥེ་གྲོང་ཁྱེར་པའོ་ཧོ་ཆུས་ཝང་ཧུའུ་སྲང་ལམ་ཆིན་ཞིན་ཧུའུ་སྡེ་ཁུལ་དང་། ཧྭ་ཨན་དངུལ་འཛིན་ཀུང་སིར་སོང་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ཏེ། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས།