ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
ཁུངས། ཀློག་གྲངས།

ཟླ11པའི་ཚེས9ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་དོན་གཉིས་པ་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། 《ཀྲུང་གུང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན།》ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡི་འབྲེལ་ཡོད་གསུང་བཤད་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན་གྱིས་ཚོགས་འདུར་འགོ་འཛིན་བྱས། ལིའུ་ཀང་དང་ཚའེ་ཁྲེང་ཡུང་། ཁྲེན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས་པ་དང་ལིའུ་ཐུང་ཏེ་ཟུར་ཞུགས་བྱས།

ཚོགས་ཐོག་ནས་བསྟན་དོན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་དགོས་པ་དང། བླང་བྱ་ནན་མོ་དེ་ལས་ཁུངས་ཀྱི་ཏང་འཛུགས་བྱ་བའི་ཕྱོགས་གང་ཅིའི་ཐད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། དམངས་ཆེན་གྱི་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་ཡོང་བར་འགན་ལེན་སྟོབས་ལྡན་འདོན་སྤྲོད་བྱེད་དགོས། ཁྲིམས་ལྟར་རྨ་ཆུ་སྲུང་སྐྱོང་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། དམངས་ཆེན་གྱི་འགན་ནུས་དང་འགན་འཁྲིར་གཞི་ཚུགས་པ་དང་། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་དང་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ཏེ་རྨ་ཆུའི་བདེ་འཇགས་སྲུང་སྐྱོང་དང་འབབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་གཏིང་ཟབ་བྱས་ཏེ་དམངས་ཆེན་གྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ཕན་འབྲས་དངོས་ལ་བརྟེན་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་མཚོ་སྔོན་གྱི་ལག་ལེན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།  ལག་བསྟར་བཅས་ཀྱི་བྱ་བ་ཏན་ཏིག་གིས་ཡག་པོར་བསྒྲུབས་ཏེ།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་སུ་ཟུག་པ་དང་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས། ལོ་ཧྲིལ་པོའི་བྱ་བའི་གཙོ་གནད་དང་གཙོ་གནད་ལས་འགན་གྱི་གསལ་ཐོ་དང་བསྡུར་བ་བྱས་ཏེ་དོན་ཚན་རེའི་འཕེལ་རིམ་ལ་ཞིབ་བཤེར་བྱེད་པ་དང་།  ལོ་ཧྲིལ་བོའི་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།  ཁྲིམས་དང་སྒྲིག་སྲོལ་ལྟར་དམངས་ཆེན་གྱི་ཡིག་བསྐུར་ངོ་བཅར་བྱ་བ་ཡག་པོར་སྒྲུབ་པ་དང་བདེ་འཇགས་བྱ་བའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ།  བདེ་འཇགས་དང་བརྟན་ལྷིང་གིས་བྱ་བ་ཁག་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས།

ཚོགས་འདུའི་སྟེང《སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“དོན་དངོས་བཅུ”ཡག་པོར་སྒྲུབ་རྒྱུའི》སྐོར་གྱི་སྐུལ་འདེད་གནས་ཚུལ་སོགས་ཀྱི་སྙན་ཞུར་ཉན།

ཏིང་འཛིན་མཚོ་མོ་དང་བསོད་དོན་གཉིས་ཀྱིས་བསྒྱུར།