གྲོས་མོལ་སྲིད་གླེང་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐུལ་འདེད་གཏོང་བར་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་དགོས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 4

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་ཨུ་ཡོན་ཚོས་མུ་མཐུད་དུ་ཚན་ཆུང་གྲོས་བསྡུར་བྱས།

ཀྲི་ཀུང་ཏང་གི་ཨུ་ཡོན་གྱི་ཚན་ཆུང་གྲོས་བསྡུར་ལ་ཞུགས་སྐབས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅང་ཙུའོ་ཅུན་གྱིས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་རྩོམ་ཆེད་ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་དང་ཐུན་མོང་ངོས་འཛིན་ཡོང་བར་བྱེད་པ། ཕྱིར་སྡོད་རང་མིའི་བྱ་བ་ཡག་པོར་བསྒྲུབས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བྱས་རྗེས་གསར་པ་འཇོག་དགོས་པ་བསྟན།

གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོ་ཆུང་གི་གྲོས་བསྡུར་ལ་ཞུགས་སྐབས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧི་པོ་ཞང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་ཀྱི་དད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། འགན་འཁྲི་སྒྲུབ་པའི་རང་རྟོགས་ཇེ་ཆེ་རུ་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ཁྲོད་ངེས་གནས་ཡང་དག་རྙེད་པ་དང་རང་འགུལ་ངང་བྱ་བ་སྒྲུབ་པ། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཡག་པོ་རྩོམ་པར་སྔར་ལས་མང་བའི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པ་བསྟན།

དམངས་གཙོ་མནའ་འབྲེལ་ཨུ་ཡོན་གྱི་ཚན་ཆུང་གྲོས་བསྡུར་ལ་ཞུགས་སྐབས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀོང་ཆན་གྱིས་དམངས་གཙོ་མནའ་འབྲེལ་གྱིས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དམིགས་འབེན་ལས་འགན་ལ་དམ་པོར་འབྲེལ་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་ལ་དམིགས་ནས་རྟོག་ཞིབ་མཐར་ཕྱིན་བྱེད་པ་དང་དམ་པ་དོན་གཉེར་བྱས་ཏེ། དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་འགན་འཁྲི་འཁུར་སེམས་མངོན་པར་མཚོན་དགོས་པ་བསྟན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞུས་ཧུང་ཧྥེ་ཡིས་བཤད་རྒྱུར། སྙན་ཞུ་ལས་སྦྲེལ་དྲའི་སྟེང་གི་མང་ཚོགས་ཀྱི་རིག་རྩལ་གསར་པ་དར་སྤེལ་གཏོང་དགོས་པ་ནན་གྱིས་བསྟན། འདི་ནི་མང་ཚོགས་རིག་རྩལ་གསར་པ་ཐེངས་དང་པོར་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང་བཀོད་པ་རེད། ང་ཚོས་ཆ་འཕྲིན་ལག་རྩལ་གྱི་འཕེལ་ཕྱོགས་དང་བསྟུན་ནས་སྤེལ་རེས་ཀྱི་གཞི་རྟེན་དང་རྣམ་པ་གསར་གཏོད་བྱེད་དགོས་པ་དང་། གྲངས་རིག་ཅན་གྱི་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་ལས་ལེགས་པར་སྐོང་དགོས།

ཆེས་མཐོ་གཉིས་ཀྱི་སྙན་ཞུར་གྲོས་བསྡུར་བྱེད་སྐབས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་སྙན་ཞུ་ལས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ལ་དམ་པོར་འབྲེལ་ཡོད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་གང་ལེགས་མཚོན་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཡག་པོ་རྩོམ་པར་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་མཁོ་འདོན་བྱས་ཡོད་པ་བསྟན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ཀོང་ཞན་གྱིས་བཤད་རྒྱུར། ཆེས་མཐོ་གཉིས་ཀྱི་སྙན་ཞུའི་ནང་ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱས། གྲུབ་འབྲས་ཕྱོགས་བསྡོམས་དང་དངོས་ཐོག་བདེན་འཚོལ། དོན་དངོས་དང་མཐུན་ཞིང་ཆ་ཚང་བ་བཅས་ཡིན་ལ། ཁྲིམས་འགྲེལ་དང་གནས་ལུགས་བཤད་པ། གྱོད་གཞི་ཕུན་སུམ་ཚོགས་པ། གཞི་གྲངས་ཞིབ་ཅིང་ཕྲ་བ་བཅས་ཡིན་པས། ཏང་དང་མི་དམངས་ལ་སྤྲད་པའི་སྤུས་ཚད་མཐོ་བའི་ཁྲིམས་འཛིན་རྒྱུགས་ལན་ཞིག་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁྲའེ་ཧྲོའུ་ཞི་ཡིས་བཤད་རྒྱུར། སྙན་ཞུ་ལས་དམངས་དོན་ཁྲིམས་བསྟར་དང་དྲང་སྙོམས་དྲང་བདེན་གྱི་ཚད་གཞི་གང་ལེགས་ཀྱིས་མཚོན་ཡོད། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་དང་། དམིགས་བསལ་ཚོགས་སྤྱིའི་ཁེ་དབང་སྲུང་སྐྱོང་། ཁྲིམས་འཛིན་སྐྱོབ་རོགས་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ་སོགས་ཀྱི་ཐད། ཁྲིམས་འཛིན་གྱི་སྟོབས་ཤུགས་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་སྲུང་སྐྱོབ་བྱས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞུས་ཅིའུ་ཕིང་གིས་བཤད་རྒྱུར། ཆེས་མཐོ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྟེ་བའི་ལས་འགན་ལ་རྩེ་གཅིག་ཏུ་དམིགས་པ། རྒྱལ་དོན་གྱི་ཆེ་ཕྱོགས་བློ་ལ་དམ་པོར་འཛིན་པ། ཁྲིམས་འཛིན་འགན་སྒྲུབ་བྱ་རྒྱུ་དེ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པ། གཏན་ཕབ་གཉིས་བརྟན་སྲུང་དང་སྲུང་སྐྱོང་གཉིས་ལག་བསྟར་བྱ་རྒྱུ་དེ་ཁྲིམས་འཛིན་གྱི་བརྒྱུད་རིམ་ཡོངས་སུ་དོན་འཁྱོལ་བྱས་ནས། ཆབ་སྲིད་ཀྱི་རང་རྟོགས་ཧ་ཅང་ཆེན་པོ་མངོན་ཡོད།

 རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལི་ལིས་ཅོན་གྱིས་བཤད་རྒྱུར། སྤྱི་ཚོགས་སྟེང་ཚང་མས་ཞེན་པ་གཏིང་ལོག་བྱེད་བཞིན་པའི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་དང་། ལྷག་པར་དུ་རྒྱལ་མཚམས་བརྒལ་བའི་ཁྲིམས་འགལ་བྱ་སྤྱོད་ལ་དམིགས་ནས། ཆེས་མཐོ་གཉིས་ཀྱི་སྙན་ཞུ་གཉིས་ཀར་འབར་མའི་བྱང་རྒྱུད་ཀྱི་ཁྱིམ་རྒྱུད་ཆེན་པོ་བཞིའི་ཉེས་གསོག་ཚོགས་པར་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པའི་ནང་དོན་མང་པོ་གླེང་ཡོད། དེས་ང་ཚོ་ཀྲུང་གོའི་ཁྲིམས་འཛིན་མ་ལག་གིས་རང་རྒྱལ་གྱི་སྤྱི་དམངས་ཁེ་དབང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་དེ་མཚོན་ཡོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧྲང་ཀོན་ཅན་གྱིས་བཤད་རྒྱུར། ཞིབ་དཔྱོད་ལས་ཁུངས་ཀྱིས་ནར་མ་སོན་པའི་མི་ལ་གནོད་འཚེ་ཐེབས་ཚུལ་ཞུ་སྦྱོར་བྱས་པ་དང་ནར་མ་སོན་པའི་མིའི་ཁྲིམས་འགལ་བྱ་སྤྱོད་བདག་སྤྲོད་ཞིབ་བཤེར་བྱས་ཚད་གཉིས་ཀ་ན་ནིང་གི་དུས་མཉམ་ལས་མར་ཆག་ཡོད་དེ། དེ་ནི་ཉེ་བའི་ལོ་ལྔའི་རིང་ཐེངས་དང་པོར་གཉིས་ཀ་མར་ཆག་པ་ཡིན། ཆེས་མཐོ་གཉིས་ཀྱི་སྙན་ཞུ་ནི་མི་དམངས་ཁྲིམས་འཛིན་དང་ཁྲིམས་སྐྱོང་འགན་འཁུར་གྱི་ཁྲིད་ཕྱོགས་གསལ་བོ་ཡིན་པ་ཚོར་བྱུང་། དེ་ལས་ནར་མ་སོན་པའི་མི་ལ་བཅངས་པའི་སེམས་ཁུར་དང་གཅེས་སྐྱོང་ཡང་གང་ལེགས་མཚོན་ཡོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལིའུ་ཅན་གོ་ཡིས་བཤད་རྒྱུར། ཆེས་མཐོ་གཉིས་ཀྱིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཤིང་། སྤྱི་དམངས་ཀྱི་ཆ་འཕྲིན་བརྐུ་འཚོང་དང་ཁྲིམས་འགལ་འདོན་སྤྲོད་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་བཅད། ངོ་བཤེར་ངོས་འཛིན་དང་གཞི་གྲངས་ཆེན་པོའི་དབང་གནོད་དང་འབྲེལ་བ་ཡོད་པའི་གྱོད་གཞི་རིགས་གསར་པ་ལ་ཞིབ་གཅོད་འོས་འཚམ་བྱས་ནས། བཅའ་ཁྲིམས་དེ་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཡིན་པའི་བདེ་འཇགས་ལྕགས་རིར་བསྒྱུར་ཡོད།