ཝང་ཧུའུ་ཉིང་གིས་རིག་གནས་སྒྱུ་རྩལ་དང་ལུས་རྩལ་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་དང་མཉམ་དུ་རྒྱལ་དོན་གྲོས་མོལ་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་རིག་གནས་སྒྱུ་རྩལ་དང་ལུས་རྩལ་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོ་ཆུང་གི་ཚོགས་འདུར་ཞུགས། ཨུ་ཡོན་གྱི་གཏམ་བཤད་ལ་གསན་རྗེས་ཝང་ཧུའུ་ཉིང་གིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་རིག་གནས་དང་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། རིག་གནས་རྒྱལ་ཁབ་སྟོབས་ལྡན་དང་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། རང་རྒྱལ་གྱི་རིག་གནས་དང་ལུས་རྩལ་བྱ་གཞག་ལ་གྲུབ་འབྲས་གལ་ཆེན་བླངས་ཡོད། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུས་རྩལ་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་གལ་ཆེན་ལས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་རྒྱུ་དང་། མང་ཚོགས་ཀྱི་ལུས་རྩལ་དང་རྩལ་འགྲན་ལུས་རྩལ་འཕེལ་རྒྱས་གཏོང་རྒྱུར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུའི་སྐོར་ལ་དམིགས་ནས་སྲིད་གླེང་ཐབས་འདོན་ཧུར་ཐག་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་རིག་གནས་དང་ལུས་རྩལ་བྱ་གཞག་གོང་དུ་སྤེལ་བར་ཇུས་འབུལ་ཤུགས་འདོན་བྱ་དགོས། མི་དམངས་སྲིད་གྲོས་མི་དམངས་ཀྱི་ཆེད་དུ་ཡིན་པ་རྒྱུན་འཁྱོངས་བྱས་ནས།  རིག་རྩལ་དང་ལུས་རྩལ་མི་དམངས་ལ་ཉེ་བར་བཅར་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བར་རམ་འདེགས་བྱེད་དགོས། རིག་རྩལ་དང་ལུས་རྩལ་ཁྱབ་ཁོངས་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རང་རྟོགས་ངང་ལག་ཏུ་བསྟར་དགོས་ལ། ཀུན་སྤྱོད་བཟང་པོར་བརྟེན་ནས་དར་སྲོལ་ཁྲིད་སྟོན་བྱེད་དགོས།