【རྒྱུན་ཤེས།】དགུན་དུས་ཀྱི་བདེ་འཇགས་རྒྱུན་ཤེས། (༢)
ཁུངས། ཀློག་གྲངས། 2

图片

གནམ་གཤིས་སྔོན་དཔག་ལྟར་ན། ད་ལོའི་དགུན་ཁར་རང་རྒྱལ་གྱི་གནམ་གཤིས་ལ་དྲོ་གྲང་གི་འགྱུར་ལྡོག་རྒོད་ཅིང་། གྲང་ངར་ཆེན་པོ་སོགས་གློ་བུར་དུ་དྲོད་ཚད་མར་ཆགས་པའི་གནམ་གཤིས་ཡང་མང་པོ་ཡོད་པ་རེད། ལྷག་པར་ལོ་གསར་ཐོན་ལ་ཉེ་བའི་སྐབས་འདིར་མེ་དང་གློག འབར་རླངས་སོགས་སྤྱོད་ཆེ་བས་བདེ་འཇགས་ཀྱི་ཉེན་ཁ་ཆེ་རུ་ཕྱིན་ཡོད་པ་རེད། གཤམ་ནས་ང་ཚོས་དགུན་དུས་ཀྱི་བདེ་འཇགས་རྒྱུན་ཤེས་འགའ་ལ་མཉམ་དུ་སློབ་སྦྱོང་ཞིག་བྱེད།

ཁྱིམ་ཚང་གི་འབར་རླངས་ལ་བདེ་འཇགས་མིན་པའི་ཉེན་ཁ་གང་དག་ཡོད།

དགུན་དུས་སུ་ཁྱིམ་ཚང་གི་འབར་རླངས་ལ་རྒྱུན་མཐོང་གི་བདེ་འཇགས་མིན་པའི་མངོན་མེད་ཉེན་ཁ་གང་དག་ཡོད་པ་དང་། དེ་ཇི་ལྟར་མགྱོགས་མྱུར་སྒོས་ཞིབ་བཤེར་ཐག་གཅོད་བྱེད་དགོས་ཞེ་ན།

གཅིག དགུན་དུས་སུ་འབར་རླངས་སྤྱོད་སྐབས་དབྱང་གཅིག་ཐཱན་འགྱུར་འབྱུང་སྲིད་པའི་ཉེན་ཁ་ཡོད། དེ་ལ་རྒྱུན་མཐོང་གི་མངོན་མེད་ཉེན་ཁ་འདི་དག་ཡོད་པ་སྟེ།

1.དུ་ཁུང་མེད་པའི་འབར་རླངས་ཀྱི་ཆུ་བསྲོ་ཆས་བཀོད་སྤྱོད་གཏོང་བ།

图片

དུ་ཁུང་མེད་པའི་འབར་རླངས་ཀྱི་ཆུ་བསྲོ་ཆས་ཀྱིས་འབར་རླངས་ཀྱི་དུད་སྙིགས་ཐད་ཀར་ཁང་བའི་ནང་དུ་འབུད་གཏོང་བྱེད་པ་ཡིན་པས། ཁང་བའི་ནང་གི་མི་ལ་དུག་ཕོག་པ་དང་ཐ་ན་ཚེ་སྲོག་ཤོར་བའི་ཉེན་ཁ་ཡང་འབྱུང་སྲིད་པར་བརྟེན་དུ་ཁུང་མེད་པའི་འབར་རླངས་ཀྱི་ཆུ་བསྲོ་ཆས་དེ་ད་ལྟ་ཁྱོན་ཡོངས་ནས་ཐོན་སྐྱེད་བྱེད་མཚམས་དང་འཚོང་མཚམས་བཞག་ཡོད་པ་རེད། ད་དུང་ཡང་དུ་ཁུང་མེད་པའི་འབར་རླངས་ཀྱི་ཆུ་བསྲོ་ཆས་བཀོལ་སྤྱོད་བྱེད་བཞིན་པའི་ཁྱིམ་ཚང་ཡོད་ན་མྱུར་དུ་བརྗེ་དགོས།

2.འབར་རླངས་ཀྱི་ཆུ་བསྲོ་ཆས་ལ་དུ་ཁུང་སྒྲིག་སྤྲོད་བྱས་པ་ཚད་ལྡན་མིན་པ།

图片

འབར་རླངས་ཀྱི་ཆུ་བསྲོ་ཆས་ལ་དུ་ཁུང་སྒྲིག་སྤྲོད་བྱས་པ་ཚད་ལྡན་མིན་པ་སྟེ། དུ་ཁུང་ཁང་པའི་ཕྱི་རོལ་ལ་ཡོངས་སུ་བུད་མེད་པ་དང་། དུ་ཁུང་རྙིང་རལ་དུ་གྱུར་ནས་སྲུབ་སྦྱོར་མི་དམ་པ། ཁང་པའི་ཕྱི་རོལ་ལ་བུད་ཡོད་པའི་དུ་ཁུང་གི་ཁ་སྒོ་དེ་དངོས་རྫས་ཧྲལ་ཧྲུལ་གྱིས་བཅད་ཡོད་པ་བཅས་ཀྱི་གནས་ཚུལ་བྱུང་ཚེ་འབར་རླངས་ཀྱི་སྙིགས་དུད་ཁང་པའི་ནང་ཕྱིར་ལྡུག་སླ་བས་ཁང་པའི་ནང་གི་མི་ལ་དུག་ཕོག་པའི་ཉེན་ཁ་ཡོད། གལ་ཏེ་གནས་ཚུལ་དེ་འདྲ་ལ་ཕྲད་ཚེ་འབར་རླངས་ཀུང་ཟིའམ་ཆེད་ལས་ལས་ཁུངས་ལ་འབྲེལ་གཏུག་གིས་ཞིབ་བཤེར་དང་ཞིག་གསོ་བྱེད་དུ་འཇུག་དགོས།

3.ནུས་ཁུངས་གྲོན་ཆུང་བྱེད་པའི་ཐོན་རྫས་ཡིན་ཟེར་བ་དག་བཀོལ་སྤྱོད་བྱེད་པ།

图片

ཁྲོམ་ར་ན་ཉོ་རྒྱུ་ཡོད་པའི་ནུས་ཁུངས་གྲོན་ཆུང་བྱེད་པའི་ཐོན་རྫས་ཡིན་ཟེར་བ་དེ་དག་འབར་རླངས་ཡོ་ཆས་དང་མཐུན་པོ་མེད་སྟབས། བཀོད་སྤྱོད་བྱེད་སྐབས་ཐབ་ཀའི་སྟེགས་བུ་ལ་གས་ཁ་འབྱུང་བའམ་ཐབ་ཆས་ཀྱི་ལྷུ་ལག་རྙིང་བར་འགྱུར་བ་སོགས་འབྱུང་སླ་བར་མ་ཟད། འབར་རླངས་ཡོངས་སུ་འབར་མ་ཐུབ་པའི་དབང་གིས་དབྱང་གཅིག་ཐཱན་འགྱུར་སོགས་ཉེན་ཁའི་དངོས་རྫས་འབྱུང་སྲིད་པ་དང་། ཚབས་ཆེ་དུས་མི་ལ་དུག་ཕོག་པ་དང་ཚེ་སྲོག་ཤོར་བའི་ཉེན་ཁ་ཡང་ཡོང་སྲིད།

4.འབར་རླངས་བཀོལ་སྤྱོད་བྱེད་སར་མཁའ་རླུང་མི་རྒྱུ་བ།

图片

དགུན་དུས་སྒོ་དང་སྒེའུ་ཁུང་དམ་པོ་བརྒྱབ་ཡོད་པས་ཐབ་ཚང་སོགས་སུ་མཁའ་རླུང་གི་འཁོར་རྒྱུག་མི་བཟང་བས་འབར་རླངས་འབར་སྐབས་དབྱང་རླུང་མི་འདང་བ་བཅས་ཀྱིས་དབྱང་གཅིག་ཐཱན་འགྱུར་འབྱུང་སྲིད་པར་བརྟེན་མི་ལ་དུག་ཕོག་པའི་ཉེན་ཁ་ཧ་ཅང་ཆེ། དེ་འབར་རླངས་ཐབ་ཀའི་མེ་ཡི་ཁ་དོག་ལ་བརྟགས་ནས་བརྡར་ཤ་བཅད་ཆོག་པ་སྟེ། འབར་རླངས་ཐབ་ཀའི་མེ་ལྕེ་སྔོན་པོ་ཡིན་ན་རྒྱུན་ལྡན་ཡིན་པ་དང་། མེ་ལྕེ་སེར་པོ་དང་དམར་པོ་ཡིན་ན་འབར་རླངས་ཡོངས་སུ་འབར་ཐུབ་མེད་པ་མཚོན་པས་མྱུར་དུ་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་དགོས།

གཉིས། དགུན་དུས་ཀྱི་མེའི་བདེ་འཇགས་ལ་གནད་འགག་གསུམ་ནས་དོགས་ཟོན་བྱེད་པ།

1.ཉེན་ཁ་ཡོད་པའི་ཐབ་ཆས་ལ་མི་ཐུག་པ།

图片

2.ཐབ་ཚང་སོགས་ལ་རྒྱུན་པར་རླུང་རྒྱུ་རུ་འཇུག་པ།

图片

3.དུས་ཚོད་ལྟར་ཐབ་ཆས་སོགས་མེ་ཡི་སྒྲིག་ཆས་ལ་ཞིབ་བཤེར་བྱེད་པ།

图片