
གནམ་གཤིས་སྔོན་དཔག་ལྟར་ན། ད་ལོའི་དགུན་ཁར་རང་རྒྱལ་གྱི་གནམ་གཤིས་ལ་དྲོ་གྲང་གི་འགྱུར་ལྡོག་རྒོད་ཅིང་། གྲང་ངར་ཆེན་པོ་སོགས་གློ་བུར་དུ་དྲོད་ཚད་མར་ཆགས་པའི་གནམ་གཤིས་ཡང་མང་པོ་ཡོད་པ་རེད། ལྷག་པར་ལོ་གསར་ལ་ཐོན་ལ་ཉེ་བའི་སྐབས་འདིར་མེ་དང་གློག འབར་རླངས་སོགས་སྤྱོད་ཆེ་བས་བདེ་འཇགས་ཀྱི་ཉེན་ཁ་ཆེ་རུ་ཕྱིན་ཡོད་པ་རེད། གཤམ་ནས་ང་ཚོས་དགུན་དུས་ཀྱི་བདེ་འཇགས་རྒྱུན་ཤེས་འགའ་ལ་མཉམ་དུ་སློབ་སྦྱོང་ཞིག་བྱེད།
དྲོད་སྐྱེད་གློག་ཆས་དང་གློག་གདན་སོགས་ཉོ་སྐབས་དང་
བཀོད་སྤྱོད་བྱེད་སྐབས་མཉམ་འཇོག་བྱེད་
དགོས་ས་གང་དག་ཡོད།
དགུན་དུས་སུ་གྲང་ངར་ཆེ་བས་དྲོད་སྐྱེད་གློག་ཆས་དང་གློག་གདན་སོགས་གློགས་ཤུགས་ཆེ་བའི་གློག་ཆས་བཀོད་སྤྱོད་བྱེད་ཚད་ཅུང་མཐོ། དེས་ན་དྲོད་སྐྱེད་གློག་དྲོད་ཆས་དེ་དག་ཉོ་སྐབས་བདེ་འཇགས་ཀྱི་ཚད་གཞི་གང་དག་ལ་མཉམ་འཇོག་དགོས་པ་དང་། བཀོད་སྤྱོད་བྱེད་སྐབས་མཉམ་འཇོག་བྱེད་དགོས་པ་གང་དག་ཡོད་དམ།
གཅིག དྲོད་སྐྱེད་གློག་ཆས་ཉོ་སྐབས་ངེས་པར་ཏུ་དོ་སྣང་བྱེད་དགོས་པའི་ཚད་གཞི་གསུམ་ཡོད།
1. “3C”ཁས་ལེན་མཚོན་རྟགས་ཡོད་པ།

“3C”ཁས་ལེན་མཚོན་རྟགས་ནི་དྲོད་སྐྱེད་གློག་ཆས་ཀྱི་བདེ་འཇགས“ཐོབ་ཐང་ལག་ཁྱེར”ཡིན། “3C”ཁས་ལེན་མཚོན་རྟགས་ཡོད་ན་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པ་ཡིན་པས། “3C”ཁས་ལེན་མཚོན་རྟགས་ཡོད་མེད་ལ་གསལ་བོར་བལྟ་དགོས།
2.གནད་འགག་གི་བདེ་འཇགས་བྱེད་ནུས་ལ་དོ་སྣང་བྱེད་དགོས།

དྲོད་སྐྱེད་གློག་ཆས་ལ“ཚ་དྲགས་པའི་སྲུང་སྐྱོབ”བྱེད་ནུས་དང“བཀོད་སྤྱོད་ཚད་དང་མི་མཐུན་ན”རང་འགུལ་གྱིས་གློག་ཆད་འགྲོ་བའི་བྱེད་ནུས་ཡོད་དགོས་ལ། གློག་གདན་ལ་ཡང“རང་འགུལ་གྱིས་གློག་ཆད་པའི”བྱེད་ནུས་ཡོད་དགོས། གློག་གི་དྲོད་འཛིན་ཁུག་མ་ལ“འགས་གད་སྔོན་འགོག”གི་སྟེམ་སྒོ་ཡོད་དགོས།
3.ཉོ་ས་ཚད་ལྡན་ཡིན་དགོས།

རིན་གོང་བདེ་བར་བསམ་ནས་བདེ་འཇགས་འཛིན་ཡིག་མེད་པའི་ཐོན་རྫས་མི་ཉོ་བར་སྒོ་རྩིས་ཚོང་ཁང་ཆེ་གྲས་དང་སྤུས་རྟགས་ཐོན་རྫས་ཀྱི་ལྟེ་གནས་ཚོང་ཁང་ནས་ཉོ་དགོས་ལ། ཐོན་རྫས་སྟེང་བཟོ་གྲྭའི་མིང་དང་ས་གནས། ཉོ་ཚོང་ཞབས་ཞུའི་ཨང་གྲངས་བཅས་ཡོད་དགོས། དེ་ལྟར་བྱས་ན་ད་གཟོད་ཁེ་དབང་སྲུང་སྐྱོབ་འགན་ལེན་བྱེད་ཐུབ།
གཉིས། བཀོད་སྤྱོད་བྱེད་སྐབས“བདེ་འཇགས་ཀྱི་གནད་གསུམ”ཡིད་ལ་འཛིན་དགོས།
1.འབར་ཉེན་ཆེ་བའི་དངོས་རྫས་དང་ཁ་ཐག་རིང་དགོས།

དྲོད་སྐྱེད་གློག་ཆས་མཐའ་འཁོར་གྱི་སྨི1ནང་དྲ་ཡོལ་དང་གོན་པ་སོགས་མི་འཇོག་པ་དང་། དྲོད་སྐྱེད་གློག་ཆས་དེ་འབོལ་ཁྲི་དང་ཉལ་ཁྲིའི་ཉེ་འགྲམ་དུ་ཡང་འཇོག་མི་རུང་།
2.བཀོད་སྤྱོད་ཀྱི་དུས་ཚོད་ལ་ཚད་བཀག་ཡོད་དགོས།

གློག་གདན་ལ“མ་ཉལ་གོང་གློག་སྒོ་ཕྱེ་བ་དང་། ཉལ་རྗེས་གློག་སྒོ་རྒྱག་པ”ལས་ཞག་གང་བོར་གློག་སྒོ་ཕྱེ་ནས་འཇོག་མི་རུང་། དྲོད་སྐྱེད་གློག་ཆས་བསྟུད་མར་བཀོད་སྤྱོད་བྱེད་པའི་དུས་ཚོད་རིང་དྲགས་མི་རུང་།
3.ཉེན་ཁ་ཡོད་པའི་བཀོད་སྤྱོད་བྱེད་སྟངས་སྤྱོད་མི་རུང་།

གློག་གི་དྲོད་འཛིན་ཁུག་མ་དེ་གློག་མཐུད་ནས་བཀོད་སྤྱོད་མི་བྱེད་པ་དང་། དྲོད་སྐྱེད་གློག་ཆས་སྟེང་གོན་པ་འགེབས་མི་རུང་། གློག་གདན་ལ་གློག་མཐུད་ཡོད་པའི་སྐབས་སུ་ལྟེབ་བཅག་ཤོར་མི་རུང་།