
༄༅ ། །མི་དམངས་དུང་ཕྱུར13ལ་སྔར་བས་ལེགས་པ་དང་སྔར་བས་འདྲ་མཉམ་གྱི་སློབ་གསོ་མྱོང་རྒྱུ་ཡོད་པར་བྱེད་དགོས།
( 2013ལོའི་ཟླ་9ཚེས་25ཉིན། )
བསྐལ་བརྒྱའི་ལས་ཀྱི་གཞི་མ་སློབ་གསོ་ཡིན་ཟེར་བ་ལྟར། སློབ་གསོ་ནི་མིའི་རིགས་ཀྱིས་ཤེས་དཔལ་དང་ཤེས་བྱ་རྒྱུན་འཛིན་དང་། གཞོན་རབས་པ་གསོ་སྐྱོང་། མ་འོངས་འཚོ་བ་བཟང་པོ་གསར་སྐྲུན་བཅས་བྱེད་པའི་རྩ་བའི་ཐབས་ལམ་ཡིན། །
ཀྲུང་གོས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་གཞི་ལག་བསྟར་བྱ་རྒྱུ་ཡིན། ཀྲུང་གོར་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་དུང་ཕྱུར2. 6དང་དགེ་རྒན་ཁྲི་ཚོ1500ཡོད་པ་དང་། སློབ་གསོ་དར་རྒྱས་སུ་གཏོང་འགན་ལྗིད་མོ་ཡོད། ཀྲུང་གོས་བློ་རྩ་བརྟན་པོས་སློབ་གསོ་དང་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་སློབ་གསོ་སྔོན་ལ་གོང་འཕེལ་གཏོང་བའི་འཐབ་ཇུས་ཀྱི་གོ་གནས་སུ་འཇོག་པ། རྒྱུན་ཆད་མེད་པར་གཏོང་སྒོ་ཆེ་རུ་གཏོང་བ། དམངས་ཡོངས་ཀྱི་སློབ་གསོ་དང་མི་ཚེ་ཧྲིལ་པོའི་སློབ་གསོ་གོང་སྤེལ་ཧུར་ཐག་གཏོང་བ། སློབ་སྦྱོང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བཅས་བྱས་ནས། མི་དམངས་དུང་ཕྱུར13ལ་སྔར་བས་ལེགས་པ་དང་སྔར་བས་འདྲ་མཉམ་གྱི་སློབ་གསོ་མྱོང་རྒྱུ་ཡོད་པར་བརྩོན་པ་བྱས་ཏེ། རང་ཉིད་ཡར་རྒྱས་ཡོང་བ་དང་། སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་ནུས་སྟོབས་ཐོབ་ཏུ་གཞུག་རྒྱུ་ཡིན། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་སློབ་གསོ་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སློབ་གསོ་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སློབ་གསོའི་བྱ་གཞག་གོང་སྤེལ་གཏོང་བར་རྒྱབ་སྐྱོར་ཧུར་ཐག་བཅས་བྱས་ནས། རྒྱལ་ཁབ་ཁག་གི་མི་དམངས་དང་ལྷན་དུ་འབད་བརྩོན་བྱས་ཏེ། མིའི་རིགས་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པར་སྐྱོད་པར་སྐུལ་འདེད་བྱ་རྒྱུ་ཡིན།