ཐོག་མའི་སེམས་འདུན་གྱི་འགན་འཁྲི་ལག་བསྟར་དང་། མུ་མཐུད་དུ་དུས་རབས་དང་མི་དམངས་ལ་མི་ནོངས་བའི་བྱས་རྗེས་གསར་བ་གསར་གཏོད་བྱེད་དགོས། 

ཁུངས། ཀློག་གྲངས།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་དོ་སྣང་ཆེན་པོ་བྱུང་།

ཐོག་མའི་བསམ་འདུན་གོར་མོ་རྡོ་དང་འགན་འཁྲི་དཔལ་འབར་ལྟ་བུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་མི་དམངས་མང་པོས་ཧུར་བརྩོན་གྱིས་མདུན་དུ་སྐྱོད་པའི་འཐབ་ལམ་གསར་པ་དང་། དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད། ཚང་མས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཡིད་ཆེས་བརྟན་པོ་དང་རྒྱུན་མཐུད་འབད་འབུངས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་དགོས།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ལ་གཟེངས་རྟགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་སྟེ། ཡུལ་དངོས་སུ་ཡོད་པའི་མི་རེ་རེར་ངར་སེམས་བསླང་བ་དང་སྟོབས་ཤུགས་ཀྱིས་ཁེངས་བར་བྱས། 

“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཝུའུ་ཡ་ཆིན་གྱིས་བཤད་རྒྱུར། དེ་རིང་ང་ལ་དངོས་གནས་སྟོབས་ཤུགས་རྒྱས་བ་དང་ངར་སེམས་བསླང་བར་བྱས་སོང་། “བདུན་གཅིག་བྱས་རྗེས་གཟེངས་རྟགས”ཀྱི་མཚན་སྙན་ནི་འོས་འགན་ཡིན་ལ་འགན་འཁྲི་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཡིས་གསུང་རྒྱུར། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་གཞི་རང་འགུལ་སྒོས་ལག་ལེན་བྱེད་པ་དང་། བློ་ཐག་རྦད་ཆོད་ཀྱིས་མི་དམངས་དང་མཉམ་དུ་ལངས་པ་དང་བསམ་བློ་གཅིག་ལ་གཏོང་བ། བྱ་བ་མཉམ་དུ་སྒྲུབ་པ་བཅས་བྱས་ནས། ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་ཡོད། ང་ཚོས་ངེས་པར་དུ་གཞི་རིམ་དུ་གཞི་ཚུགས་དགོས་ཤིང་འུད་ཤོབ་མི་བཤད་པ་དང་སྟོང་གཏམ་མི་བཤད་པ། དོན་དངོས་སྒྲུབ་པ། སྡོད་དམངས་མང་ཚོགས་དགའ་བའི་བྱ་བ་སྒྲུབ་པ་བཅས་བྱེད་དགོས།

“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཀྲུང་ཅུའེ་ཡིས་བཤད་རྒྱུར། ངའི་མི་ཚེའི་ནང་འདི་ཕལ་ཆེར་ཆེས་བརྗེད་དཀའ་བའི་ཉིན་ཞིག་ཡིན། ང་ཚོའི་རྒྱལ་ཁབ་འདི་ཏང་གི་འགོ་ཁྲིད་འོག་གྲུབ་འབྲས་འདི་འདྲའི་ཆེན་པོ་ཞིག་ཐོབ་ཡོད་པ་མཐོང་བས། ཡིད་ཆེས་ཆེན་པོ་ཡོད་དགོས་ཤིང་སྔར་བས་རྒྱལ་ཁབ་ལ་དགའ་དགོས་བའི་སེམས་པ་འདིས་ང་ཚོའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་ལ། ང་ཚོའི་རྒྱལ་ཁབ་དེ་འཛམ་གླིང་གི་གྲལ་དུ་འགྱིང་ངེར་ལངས་སུ་འཇུག་དགོས།

“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ལི་ལེན་ཁྲེང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་སེམས་སུ་མི་དམངས་རྣམས་བཟུང་ཡོད་ལ། ཁོང་གིས་ཐོག་མཐའ་བར་གསུམ་དུ་སྡེ་བའི་ཞིང་པ་རྣམས་ལ་སེམས་ཁུར་བྱེད་ཀྱིན་ཡོད། གཟེངས་རྟགས་འདི་ང་གཅིག་པུའི་མིན། གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས། ངས་གྲོང་གསེབ་དར་རྒྱས་གཏོང་བར་འགོ་ཡག་པོ་ཞིག་འཛུགས་དགོས་ཤིང་། གོམ་པ་རེ་རེ་བཞིན་བསྒྲུབ་པ་དང་སྡེ་མིའི་སྣེ་ཁྲིད་དེ་སྔར་ལས་མང་བའི་ཐོབ་སྣང་དང་སྐྱིད་སྣང་ཚོར་ཏུ་འཇུག་དགོས།

དེ་རིང་། ཧེ་ལུང་ཅང་མའོ་ཧོ་ནས་ཧའེ་ནན་སན་ཧྲ་བར། གྲོང་གསེབ་དར་སྤེལ་གྱི་ཡུལ་དངོས་དང་པོ་ནས་བཅོས་སྒྱུར་སྒོ་འབྱེད་ཀྱི་མདུན་གྲལ་བར། མི་རྣམས་ཀྱིས་གཟབ་རྒྱས་ཀྱི་ཚོགས་ཆེན་ལ་ནན་ཏན་སྒོས་བལྟས། ལོ་ངོ105ཡི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་རྣམས་མཐུན་སྒྲིལ་སྒོས་སྣེ་ཁྲིད་ནས་འབད་བརྩོན་ལྷོད་མེད་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་སྟེང་ཆེས་རྒྱ་ཆེ་བའི་ལོ་རྒྱུས་ཀྱི་སྙན་ངག་བྲིས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་གོའི་གུང་ཁྲན་ཏང་གིས་འོད་སྟོང་ལྡན་པའི་ཕུལ་བྱུང་ཁྱད་ཆོས་དེ་ཟམ་མི་ཆད་པར་གསར་གཏོད་ཐུབ་པ་གསལ་སྟོན་བྱས་ཡོད་ཅིང་། ཏང་ཡོངས་ཀྱིས་ཧུར་ཐག་གིས་འོད་སྟོང་ལྡན་པའི་ལོ་རྒྱུས་གསར་པ་གཏོད་དགོས་པའི་འབོད་སྐུལ་རླབས་ཆེན་གནང་།

ཨན་ཧུའེ་ཞིང་ཆེན་མ་ཨན་ཧྲན་གྲོང་ཁྱེར་ཧྭ་ཧྲན་ཆུས་ཅང་ཏུང་ཁྲོམ་གཞུང་སྤྱི་ཚོགས་བཅོས་སྐྱོང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་པེན་ཞའོ་ཡུན་གྱིས་བཤད་རྒྱུར། ཏང་མ་བཙུགས་གོང་ལ་ཕྱིར་མིག་བལྟས་ཚེ། བཙན་རྒྱལ་རྒྱལ་ཁབ་ཀྱིས་བཙན་འཛུལ་ཐེབས་ནས་སྤྱི་ཚོགས་གཏན་འཇགས་མིན་པར་བཟོས། ལོ་ངོ་105རིང་། ང་ཚོའི་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་མཛེས་སྡུག་ལྡན་པའི་བདེ་སྐྱིད་ཀྱི་འཚོ་བར་རེ་སྙེག་བྱེད་པའི་འོད་ཟེར་གྱི་ལམ་བུའི་སྟེང་བསྐྱོད་ཅིང་། ང་ཚོས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་གྱུར་པའི་བར་གྱི་རླབས་ཆེན་འཕུར་སྐྱོད་མངོན་འགྱུར་བྱུང་། ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ངེས་པར་དུ་མངོན་འགྱུར་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། 

ཧྥུའུ་ཅན་ཞིང་ཆེན་ཉིང་ཏེ་གྲོང་ཁྱེར་ཞ་ཏང་ཞང་ཏང་ཨུའི་ཧྲུའུ་ཅི་ཡེ་ཞིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་གསན་རྗེས་ད་ལྟའི་ཞ་ཏང་གི་སྔོ་ལྗང་རི་ཀླུང་ལ་ལྟོས་ན། སེམས་ལ་བཀའ་དྲིན་གྱིས་ཁེངས་ཡོད། དེ་སྔོན་གྱི་དཀའ་ངལ་ཆེ་བའི་ཞ་ཏང་དེ་ད་ལྟའི་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་ཞང་གྲོང་དུ་གྱུར་པ་དེ་ནི་ཏང་གིས་ང་ཚོའི་སྣེ་ཁྲིད་དེ་ཡུན་རིང་རྒྱུན་འཁྱོངས་བྱེད་པའི་དཔང་རྟགས་ལེགས་ཤོས་ཤིག་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་ངེས་དགོས་ཤིང་། ཐོན་ལས་ཀྱི་ཡོང་འབབ་འཕར་བ་དང་འཚོ་སྡོད་ཁོར་ཡུག་ལེགས་བཅོས། དམངས་ཕན་ཞབས་ཞུ་བཅས་དོན་གཉེར་ཏན་ཏིག་བྱེད་དགོས།

  ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཤུགས་འགྲེམས་མེ་འཁོར་གྱི་ཁ་ལོ་བ་ཚེ་བརྟན་བཀྲ་ཤིས་ཀྱིས་བཤད་རྒྱུར། ཚོགས་ཆེན་ལ་བལྟས་ཚར་རྗེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ངས་ཏང་གི་འགོ་ཁྲིད་འོག   གངས་ལྗོངས་མཐོ་སྒང་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་དང་།བསྐྱར་དར་རྟགས་ཅན་ཀྱང་བདེ་བླག་ངང་མཐོ་སྒང་དུ་བསྐྱོད་ནས།  རོང་འབྲོག་མང་ཚོགས་ཀྱི་ཕྱིར་སྐྱོད་དང་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱེད་པར་དེ་བས་སྟབས་བདེ་རུ་གྱུར་ཡོད་པ་ཚོར་བྱུང་། /ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་ནས་ལས་གནས་ཐོག་གཞི་ཚུགས་ཏེ་བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཕ་ཡུལ་མི་དམངས་ཀྱི་བདེ་སྐྱིད་འཚོ་བར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་དགོས།   

ད་ལྟ་ལོ་ངོ105ཡི་བརྗིད་ཆགས་ཀྱི་ལོ་ཟླ་བརྒྱུད་མྱོང་པའི་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དུང་ཕྱུར་མང་པོའི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་ཐོག་གོམ་སྟབས་ཆེན་པོས་སྐྱོད་བཞིན་ཡོད། ཚང་མས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ནས་དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་རྟགས་ཐོབ་མཁན་ཐ་པ་རེ་ཁེ་·ཨའེ་ཁེ་པའེ་ཨར་གྱིས་བཤད་རྒྱུར། 2022ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ང་ཚོའི་གྲོང་གསར་ཞི་མིན་གྲོང་ཚོར་ཕེབས། དེ་རིང་ཡང་ཡུལ་དངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་པས་ང་རང་སེམས་འགུལ་ཚད་མེད་ཐེབས་བྱུང་། འཐབ་ལམ་གསར་པའི་ཐོག   ང་ཚོས་ཀྲུང་གོ་གུང་ཁྲན་ཏང་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ་དང་། ཐོག་མཐའ་བར་གསུམ་དུ་རྨང་གཞི་བརྟན་པོ་ལྡན་པའི་ཕུལ་བྱུང་གི་ཁྱད་ཆོས་དེ་ཟམ་མི་ཆད་པར་དར་སྤེལ་བཏང་ནས། ཡུལ་མི་ཚོའི་དངུལ་ཁུག་སྔར་བས་ཇེ་མཐུག་དང་གདེང་ཚོད་སྔར་བས་ཆེ་རུ་གཏོང་དགོས། ཏང་གི་སྲིད་ཇུས་བཟང་པོ་ཡོད་པ་དང་། ཚང་མས་མཐུན་སྒྲིལ་འབད་འཐབ་བྱས་ན་བདེ་སྐྱིད་ཀྱི་འཚོ་བ་དེ་ལོ་རེ་བཞིན་ཇེ་ལེགས་སུ་འགྲོ་ངེས་རེད།

“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་རྟགས་ཐོབ་མཁན་ཕན་ཐུང་གིས་བཤད་རྒྱུར། གཟེངས་རྟགས་ནི་བརྗིད་ཆེ་བའི་མཚན་སྙན་ཞིག་ཡིན་ལ། ལྷག་པར་དུ་འཐབ་ལམ་གསར་པར་ཤུགས་ཀྱིས་བསྐྱོད་པའི་འགོ་ཚུགས་ས་གསར་བའང་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་དོན་དངོས་གསར་པ་དང་ཟུང་འབྲེལ་བྱས་ཏེ་ཏང་གི་ཕུལ་བྱུང་ཁྱད་ཆོས་དེ་ཟམ་མི་ཆད་པར་དར་རྒྱས་གོང་འཕེལ་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྒྱུན་མཐུད་ངང་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་རྒྱུ་ཡིན། ཕུལ་བྱུང་གི་ཁྱད་ཆོས་ཆེན་པོ་དྲུག་དང་བསྡུར་ནས་རང་ངོས་ཀྱི་བྱ་སྤྱོད་ལ་ཞིབ་བསྡུར་བྱེད་པ་དང་། མཐོ་སྒང་གི་ས་གཤིས་རྩད་ཞིབ་ལས་གནས་ལ་གཞི་ཚུགས་ནས། ་དངོས་སྒྲུབ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ཐོན་ཁུངས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་རྒྱུ་ཡིན། 

ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་ཁུལ་གསར་ཚན་རྩལ་དང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིང་ཀང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ད་ལྟ་ཀྲུང་གོའི་མི་དམངས་ཀྱིས་རང་ཉིད་ཀྱི་ལས་དབང་རང་གི་ལག་ཏུ་དམ་པོར་བཟུང་སྟེ་རང་རྟོན་དང་། རང་ཚུགས། རང་སྟོབས་བཅས་ཀྱི་རྣམ་པའི་ཐོག་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ཕྱོགས་སུ་གོམ་སྟབས་ཆེན་པོས་སྐྱོད་བཞིན་ཡོད། /ང་ཚོས་“གཏན་ཕབ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི་”ཇེ་དྲག་ཏུ་གཏོང་བ། “རང་རྟོན་བཞི་”ཇེ་བརྟན་དང་“སྲུང་སྐྱོང་གཉིས་”ལེགས་པོར་བསྒྲུབ་པ་བཅས་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་གསར་གཏོད་སྒུལ་ཤུགས་སྟོབས་ལྡན་དུ་བཏང་ཞིང་། གོ་ལ་ཧྲིལ་པོའི་ཐོན་ཁུངས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་རྒྱུན་མཐུད་ངང་གསོ་སྐྱོང་བྱས་ཏེ་གང་མགྱོགས་སྒོས་དེང་རབས་ཅན་གྱི་ཐོན་ལས་མ་ལག་བཙུགས། 

ཧྲི་ཙི་དབྱང་རྒྱུ་ལམ་ལས་གཞིའི་འཛུགས་སྐྲུན་བཀོད་འདོམས་པུའུ་ཡི་ཡུལ་དངོས་འགན་ཁུར་པ་ལིས་ཅན་གྱིས་བཤད་རྒྱུར།    ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག  རང་རྒྱལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་སུ་སོང་ཞིང་། ང་ཚོ་ནི་རླབས་ཆེན་གྱི་འཕེལ་རྒྱས་བརྒྱུད་རིམ་འདིའི་དཔང་པོ་ཡིན་ལ་འཛུགས་སྐྲུན་པ་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་འཐབ་ལམ་གསར་པར་འབད་པས་བསྐྱོད་ནས་དུས་རབས་གསར་པར་བྱས་རྗེས་འཇོག་པའི་འབོད་སྐུལ་གནང་ཡོད། ད་ལྟ། ང་ཚོས་མཚོ་ཁུག་ཆེན་མོའི་རྗེས་ཀྱི་རིམ་འདས་བཟོ་སྐྲུན་ཧྲི་ཙི་དབྱང་རྒྱུ་ལམ་འཛུགས་སྐྲུན་བྱེད་བཞིན་ཡོད་ལ།  ང་ཚོའི་འཛུགས་སྐྲུན་པ་ཡོངས་ཀྱིས་དུས་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་བྱ་རྒྱུ་ཡིན་པ་དང་། འགྲིམ་འགྲུལ་གྱི“འབྲེལ་མཐུད”ལ་བརྟེན་ནས་ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཆེན་མོ་དེ་འཛམ་གླིང་གི་མཚོ་ཁུག་་རྩེ་གྲའི་ཕྱོགས་སུ་བསྐྱོད་རྒྱུར་སྒུལ་ཤུགས་སྣོན་རྒྱུ་ཡིན། 

པེ་ཅིང་གྲོང་ཁྱེར་ཐུང་ཀྲིག་ཆུས་ཀྲུང་ཚང་ཁྲོམ་གཞུང་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡུས་ཙི་དབྱང་གིས་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ཀྲུང་གོའི་གུང་ཁྲན་ཏང་གིས་ཅིའི་ཕྱིར་དུ་སྒྲུབ་ཐུབ་པའི་གནད་འགག་གི་གསང་གྲངས་རྒྱས་བཤད་གཏིང་ཟབ་གནང་ཡོད། ང་ཚོས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་པེ་ཅིང་གྲོང་ཁྱེར་གྱི་ལྟེ་གནས་ཕལ་བའི་འཛུགས་སྐྲུན་གྱི་འཐབ་ས་དང་པོ་དང་ ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད། རང་རེའི་ཏང་གི་འགྲན་ཟླ་བྲལ་བའི་ཕུལ་བྱུང་གི་ཁྱད་ཆོས་སྔར་བས་དར་སྤེལ་དང་ལག་ཏུ་བསྟར་ནས་མང་ཚོགས་ཉེ་འགྲམ་གྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་ཐག་བཅད་ནས་མི་དམངས་ཀྱི་ཐོབ་སྣང་་དང་སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན།