འབད་འཐབ་ཀྱིས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།

ཁུངས། ཀློག་གྲངས།

རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལས་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པར་བསྟན། སྤྱི་བའི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་མ་ལག་འཐུས་ཚང་དུ་བཏང་སྟེ། ཁྱབ་ཁོངས་གཙོ་བོའི་རྒྱལ་ཁབ་བདེ་འཇགས་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། བདེ་འཇགས་ནི་མི་རིགས་བསྐྱར་དར་གྱི་རྨང་རྡོ་དང་། མང་ཚོགས་དུང་ཕྱུར་མང་པོའི་དམངས་འཚོའི་ཕན་བདེ་ཡིན། བདེ་འཇགས་འཛུགས་སྐྲུན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་རྡོ་གལ་ཆེན་ཡིན་ཞིང་། བདེ་འཇགས་འཛུགས་སྐྲུན་དམ་འཛིན་བྱེད་པ་ནི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཆབ་སྲིད་འགན་འཁྲི་ཡིན་ལ། སྔར་ལས་ཆུ་ཚད་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དེ་རྒྱལ་ཁབ་ཀྱི་ཡུན་རིང་གཏན་འཇགས་ལ་འབྲེལ་བ་ཡོད་ཅིང་། མི་དམངས་ཀྱི་བདེ་སྐྱིད་དང་ཁམས་བདེ་ལ་འབྲེལ་བ་ཡོད། བསྟུད་མར་ཉིན་འགའི་རིང་། འཐུས་མི་ཚོས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་བརྗེ་རེས་ཟབ་མོ་བྱས་པ་དང་བློ་འདོན་ཇུས་འབུལ་བྱས།

འཐུས་མི་ཆའོ་ཡཱ་ཆོན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། མཚོ་ནུབ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་བདེ་འཇགས་འཛུགས་སྐྱོང་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་པ་དང། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཕྱོགས་བསྡུས་བཅོས་སྐྱོང་དང་རྩ་ལག་མཉམ་བཅོས་བྱས་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་སྲ་བརྟན་དུ་བཏང་། ལོ་གསུམ་གྱི་རྩ་བཅོས་འགག་སྒྲོལ་ལག་ལེན་ནུས་ལྡན་བརྟན་པོ་ཡིན་པ་སྟེ། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དང་། བབ་བསྟུན་ལྟ་ཞིབ་སྔོན་བརྡ། དངོས་ཟོག་གསོག་འཇོག་གི་མ་ལག་སོགས་རྒྱུན་མཐུད་འཐུས་ཚང་བཏང་། དུས་རབས་གསར་བའི་“ཧྥེང་ཆའོ་ཉམས་མྱོང་”ལག་བསྟར་དོན་འཁྱོལ་བྱས་ཏེ། འགལ་བ་ཐག་གཅོད་ཚད་99.9%ལ་ཐོན་ཡོད། ཏུའུ་ལན་རྫོང་ཙོང་རྒྱ་གྲོང་རྡལ་གྱི“དུས་བྱ་རྣམ་པའི་སྤོ་འགུལ་མི་འབོར་དོ་དམ་གྱིས་གཞི་རིམ་བཅོས་སྐྱོང་ཆུ་ཚད་སྐུལ་འདེད་མཐོར་འདེགས་གཏོང་བ”ཞེས་པའི་བྱ་ཐབས་འདི་རྒྱལ་ཡོངས་ཀྱི་ཏང་གི་སྣེ་ཁྲིད་འོག་ཞང་གྲོང་བཅོས་སྐྱོང་གི་དཔེ་སྟོན་དུ་བདམས་པ་དང་། དབུས་ལམ་རྫོང་ཞིས་ལིས་ཀིག་གྲོང་རྡལ་ཞིས་ཀྲོང་སྡེ་བ་དང་། མཐོན་པོ་གྲོང་རྡལ་གཏེར་ལམ་ཆུ་སྡེ་བ་གཉིས་ནི་རིམ་པ་གསུམ་པའི་རྒྱལ་ཡོངས་ཞང་གྲོང་བཅོས་སྐྱོང་གི་དཔེ་སྟོན་སྡེ་བ་རུ་འདེམ་བསྐོ་བྱུང་། བདེ་སྐྱོང་དང་། གློག་འཕྲིན་གཡོ་བསླུ། འགྲིམ་འགྲུལ་དོན་རྐྱེན།  “དམིགས་ཚད་བཞི”་སོགས་ཕྱོགས་ཡོངས་ནས་མར་ལྷུང་ཞིང་། དོན་དག་ཐག་གཅོད་ཚད་དང་། དོན་དག་བརྟག་ཞིབ་ཚད་རྒྱུན་མཐུད་སྒོས་ “མཉམ་དུ་ཡར་སྐྱེད” མངོན་འགྱུར་བྱུང་སྟེ། བདེ་འཇགས་མཚོ་ནུབ་འཛུགས་སྐྱོང་བྱེད་པར་གྲུབ་འབྲས་གསར་བ་བཏོད་ཡོད། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་གྱིས་སྔར་བས་ཆུ་ཚད་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱ་བར་ཐབས་ཇུས་བཀོད་སྒྲིག་བྱས་ཡོད་དེ། ང་ཚོས་བློ་གཏན་འགྱུར་མེད་ངང་ཕྱོགས་གཅིག་འཕེལ་རྒྱས་དང་། ཕྱོགས་གཅིག་བདེ་འཇགས་ཡོང་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་དགོས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་པར་ཧུར་སེམས་ནན་ཞུགས་བྱ་དགོས་པར་མ་ཟད། ཁྱབ་ཁོངས་གཙོ་བོའི་རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་དང་ཆེད་དོན་བཅོས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་དགོས། འགལ་བ་སྣ་མིན་སྔོན་འགོག་དང་ཐག་གཅོད་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་ཕྱོགས་ཡོངས་ནས་འགོག་སྲུང་བྱེད་ཤུགས་དང་ནུས་པ་འཛུགས་སྐྲུན་གཏིང་ཟབ་བྱེད་དགོས། ནག་སེལ་གཤེད་བཅོམ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས།

ཨུ་ཡོན་མ་ཧའེ་ཅུན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་མཚོ་སྔོན་གྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང་”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་ཐོན་ཁུངས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་དང་། བྱ་བའི་ལམ་སྲོལ་འཐུས་ཚང་། ལས་འགན་གྱི་བརྒྱུད་རིམ་ཞིབ་ཚགས་བཅས་བྱས་ཏེ་གཏིང་ཟབ་པའི་སྒོ་ནས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་བྱས་ནས། ཁྲིམས་སྲིད་འགན་ནུས་ལ་གཞི་ཚུགས་པ་དང་སྡེ་ཚན་ཁག་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་མཉམ་ཤུགས་ཆགས་པ་བྱས་ཏེ་འགལ་བ་དང་རྩོད་གཞི་སྔོན་འགོག་དང་ཉམས་སེལ་དང་སྤྱི་ཚོགས་བདེ་སྲུང་གི་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་སྐུལ་འདེད་གཏོང་བའི་ལས་ཀའི་སྟེགས་བུ་གལ་ཆེན་ཞིག་ཡིན། ཁོས་སྔར་ལས་ལྷག་པའི་སྒོ་ནས་གཞི་རིམ་བཅོས་སྐྱོང་ཁྲོད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་འགག་རྩའི་ནུས་པ་སྔར་བས་འདེམས་སྒྲུག་བྱས་ནས་ཐོན་ཁུངས་བསྡུ་སྒྲིལ་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད། སྡེ་ཁག་ལས་བརྒལ་བ་དང་རིམ་པ་ལས་བརྒལ་བའི་ཆ་འཕྲིན་མཉམ་སྤྱོད་སྟེགས་བུ་བཙུགས་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ཁོངས་གཏོགས་ཁུལ་ནང་གི་འགལ་བ་དང་རྩོད་གཞི། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སོགས་ཀྱི་འགུལ་ཚུལ་ཆ་འཕྲིན་དུས་ཐོག་ཏུ་གཡོལ་བ་བྱས་ཏེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྔོན་ནས་ཤེས་རྟོགས་དང་། སྔོན་དུ་ཞུགས་པ། སྔོན་ནས་ཐག་གཅོད་བྱེད་དགོས། དེ་དང་ཆབས་ཅིག་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཆེད་ལས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བཅའ་ཁྲིམས་དང་། སེམས་ཁམས། སྤྱི་ཚོགས་ལས་དོན་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་བསྡུ་ལེན་བྱས་ཏེ་འགལ་བ་དང་རྩོད་གཞི་སེལ་བའི་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། གཞི་རིམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་མི་སྣའི་ལས་ཀ་བྱེད་སྟངས་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་ཏེ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་འདུམ་འགྲིག་བྱེད་སྟངས་ཆགས་པར་བསྔགས་སྐུལ་བྱས་ནས་འགལ་བ་སེལ་རྒྱུ་དེ་སྔར་བས་ཕན་འབྲས་ལྡན་པ་དང་སྔར་བས་འོས་ཤིང་འཚམས་པར་བྱས་ཡོད། གཞན་ཡང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཛུགས་སྐྲུན་ཐད་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་མཁྲེགས་ཆས་སྒྲིག་བཀོད་དང་རིག་ནུས་ཅན་གྱི་སྒྲིག་ཆས་འཐུས་ཚང་དུ་བཏང་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ནུས་ཆེའི་ངང་འཁོར་སྐྱོད་བྱ་རྒྱུར་འགན་ལེན་བརྟན་པོ་བྱས་ཏེ་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”གི་ཉིང་བཅུད་དོན་ཐོག་ཏུ་དངོས་འབྲེལ་དོན་འཁྱོལ་བྱས་ཏེ་གཞི་རིམ་གྱི་བཅོས་སྐྱོང་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

འཐུས་མི་ལིའུ་ཞའོ་རུང་གིས་བལྟས་ན།   མཚོ་སྔོན་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ས་ཁུལ་ཞིག་ཡིན་ལ། “ཀྲུང་གོའི་ཆུ་མཛོད་ཆེན་མོ"སྲུང་མཁན་ཞིག་ཡིན་པའི་ངོས་ནས། ངེས་པར་དུ་རང་རྟོགས་ངང་"རྒྱལ་ཁབ་གྱི་དོན་ཆེན"གྱི་འགན་འཁྲི་གལ་ཆེན་འཁུར་ནས་མི་རིགས་མང་པོའི་མཐུན་སྒྲིལ་གྱི་གཤིན་ས་གསོ་སྐྱོང་བྱ་རྒྱུ་རྩ་བར་འཛིན་དགོས། མཉམ་སྐྲུན་མཉམ་གཏོད་མཉམ་བཅོས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་ཁྱོན་ཡོངས་ནས་བདེ་འཇགས་འགོག་ཡོལ་འཕེལ་རྒྱས་སྲ་བརྟན་དུ་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མཚོ་བོད་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་"ཏང་འཛུགས་སྐྱོང+སྐོར་སྐྱོད་གུར+རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད+སེ་འབྲུའི་ཁྱིམ་གཞིས་འཛུགས་པ"བཅས་ཀྱི་བློ་གྲོས་ཅན་གྱི་སློབ་གསོའི་ལས་སྟེགས་འཚོལ་ཞིབ་བྱེད་པ་དང་། “རྒྱང་བསྟེན+”སོགས་ཀྱི་བྱ་ཐབས་བརྒྱུད་ནས་བདེ་འཇགས་འཛུགས་སྐྱོང་གི་གལ་ཆེའི་རང་བཞིན་དང་། དགོས་ངེས་རང་བཞིན། ཐབས་ཤེས་བྱ་ཐབས་བཅས་ཀྱི་ས་བོན་མཐོ་སྒང་གི་ས་གཞི་ཆེན་མོའི་ཕྱོགས་ཡོངས་ཚང་མར་ཁྱབ་པ་དང་། གུར་རེ་རེ་དང་མི་རེ་རེའི་བསམ་བློའི་འཛིན་ཕྱོགས་གཅིག་སྡུད་གཅིག་གྱུར་ཡོང་བར་འགན་ལེན་ནན་ཏན་བྱ་དགོས། མི་དང་མཚེའུ། ནགས་ཚལ། སྲོག་ཆགས་དང་རྩི་ཤིང་བཅས་མཉམ་གནས་ཀྱི་འགོག་སྲུང་མ་ལག་བཙུགས་ཏེ། ཆེད་དོན་སྲུང་སྐྱོང་གི་མ་དངུལ་དང་མི་ཤུགས་གཏོང་ཤུགས་ཆེ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ས་ཁོངས་ཡོངས་ཀྱི་མཉམ་འགོག་མཉམ་བཅོས་ཀྱི་དྲ་བ་བསྐྲུན་ནས། "དུས་ལྟར་ཐོན་པའི"ལམ་སྲོལ་གྱིས་སྒུལ་ཤུགས་ཆེན་པོ་འདོན་སྤེལ་བྱས་ཏེ་སྣོད་བཅུད་ཁོར་ཡུག་དང་བདེ་འཇགས་ལ་གཏོར་བཤིག་གཏོང་བར་རྡུང་རྡེག་གཏོང་ཆེད།  སྐྱེ་ཁམས་ཁོར་ཡུག་དང་བདེ་འཇགས་ཁོར་ཡུག   འཕེལ་རྒྱས་ཁོར་ཡུག་སོགས་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྣ་ཚོགས་ལ་འགོག་སྲུང་བརྟན་པོ་བསྐྲུན་ཡོད། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་བདེ་འཇགས་འཛུགས་སྐྲུན་གྱི་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཏང་གི་འཛུགས་སྐྱོང་དང་རྩ་འཛུགས་ཀྱི་གཙོ་ཁྲིད། སྤྱི་ཚོགས་རྩ་འཛུགས་བཅས་དམངས་ཡོངས་མཉམ་འགོག“གཞི་གཅིག་ཅན”ཀྱི་བརྗོད་བྱ་གཙོ་བོ་གཏིང་ཇེ་ཟབ་བཏང་ནས།  མཉམ་འགོག་མཉམ་བཅོས་རུ་ཁག་འཛུགས་སྐྱོང་ཡག་པོ་བྱ་དགོས། “སྙན་ཞུ་རྩ་འཛུགས།  སྡེ་ཁག་གིས་འབྱོར་ཐོ་འགོད་པ། ས་ཁོངས་ཡོངས་ཀྱི་འགོག་སྲུང་མཉམ་འགོག་བཅོས་སྐྱོང"གཅིག་བསྡུས་ཅན་བསྐྲུན་པར་ཁག་ཐེག་བྱེད་དགོས། ཕྱོགས་ཡོངས་ནས་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་པའི་དུས་ཡུན་དང་སྤུས་ཚད་མཐོ་རུ་བཏང་ནས་དུས་བདེའི་མཚོ་སྔོན་འཛུགས་སྐྲུན་གྱི་རྨང་གཞི་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་ཆེད་མཚོ་སྔོན་གྱི་འགུལ་བསྐྱོད་གོམ་འགྲོས་ལེགས་པར་སྤོ་དགོས།




དངོས་སྦྱོང་སློབ་མ་རྡོ་རྗེ་ཚེ་སྒྲུབ་དང་ཀླུ་རྒྱལ་དོན་འགྲུབ། སྙིང་མོ་རྒྱལ་བཅས་ཀྱིས་བསྒྱུར།