དབུས་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་ལྡན།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱེད་པར་ཐོག་མཐའ་བར་གསུམ་དུ་དམ་འཛིན་གང་ལེགས་བྱེད་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆགས་པར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བའི་ལེའུ་གསར་པ་སྟོབས་ཤུགས་ཆེན་པོས་འབྲི་དགོས་པ་ནན་གྱིས་བསྟན། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོར། དབུས་རྒྱུད་ཀྱི་ཞིང་ཆེན་དྲུག་གིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་སྒོས་བཙུགས་པ་དང་། འགྲན་རྩོད་བྱེད་ནུས་སྔར་ལས་ཆེ་བའི་སྒོ་འབྱེད་མཐོ་ས་རྒྱུན་མཐུད་ངང་བསྐྲུན་ཏེ། འགོ་རྩོམ་ས་སྔར་ལས་མཐོ་བའི་སྟེང་ནས་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་།

ལོ་གསར་པའི་ནང་། དབུས་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་ལྡན།

ཚོད་ལྟ་ཁང་དུ། མི་ཐབས་རིག་ནུས་དང་། རབས་རྗེས་མའི་ཆ་འཕྲིན་འཕྲིན་གཏོང་སོགས་འབྱུང་འགྱུར་ཐོན་ལས་ལ་ཁ་ཕྱོགས་པའི་འོད་གློག་ཉིང་ལྷེབ་ཀྱི་ཐོན་རྫས་གསར་གཏོད་ཀྱི་ཞིབ་འཇུག་གསར་སྤེལ་དང་ར་སྤྲོད་གང་མགྱོགས་སྒོས་བྱེད་བཞིན་ཡོད། 

ཐོན་སྐྱེད་བརྒྱུད་རིམ་ཁྲོད། དར་སྐུད་རྐྱང་པའི་ཚངས་ཐིག་མགོ་སྐྲའི་བཅུ་ཆའི་གཅིག་ཀྱང་མེད་པའིT1000རིམ་པའི་ནུས་ཆེའི་ཐཱན་ཚི་སྣ་འབོར་ཚད་ཐོན་སྐྱེད་བྱས་ནས། མཁའ་འགྲུལ་མཁའ་སྐྱོད་དང་། རྩེར་སོན་སྒྲིག་ཆས་སོགས་ཁྱབ་ཁོངས་སུ་རྒྱ་ཁྱབ་ངང་སྤྱད་ཆོག

སྒོ་འབྱེད་རིམ་པ་དང་པོར། ལྕགས་ལམ་དང་ཆུ་ལམ་མཉམ་འདྲེན་དང་། ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་གྱི་བགྲོད་ལམ་གསར་པ་བྲེལ་འཚུབ་ངང་འཁོར་སྐྱོད་བྱས་ཏེ།“དཔེ་གསར་གསུམ”སོགས་ཐོན་རྫས་མགྱོགས་མྱུར་སྒོས་ཕྱིར་གཏོང་བྱས།

དབུས་རྒྱུད་ས་ཁུལ་དུ་ཧྲན་ཞི་དང་།  ཧི་ནན།  ཨན་ཧའེ། ཧུའུ་པེ། ཅང་ཞི། ཧུའུ་ནན་བཅས་ཞིང་ཆེན་དྲུག་ཚུད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུས་རྒྱུད་ས་ཁུལ་ལ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་ཐེངས་མང་གནང་བ་དང་། ཆེད་དོན་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་ནས་བསྡུས་ཏེ། དབུས་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་། ཁོང་གིས་བསྟན་དོན། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་དང་།  ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་སུ་བཏང་སྟེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་འདེགས་སྐྱོར་བྱེད་ནུས་ཆེ་རུ་གཏོང་དགོས།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”《གྲོས་གཞི》འི་ཁྲོད་བསྟན་དོན། དབུས་རྒྱུད་ས་ཁུལ་མགྱོགས་མྱུར་དར་རྒྱས་ཡོང་བར་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས། འགོ་རྩོམ་པའི་ལོར། དབུས་རྒྱུད་ཀྱི་ཞིང་ཆེན་དྲུག་གིས་སྤྱི་ཁྱབ་ཧྲུའུ་ཅིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་ལྟར། ཐོན་ཁུངས་ཀྱི་སྤུས་ཚད་ལ་གཞི་ཚུགས་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་དབུས་རྒྱུད་ཀྱིས་འདེགས་སྐྱོར་བྱས།

ཚན་སློབ་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་།

ལོ་གསར་བའི་ཚུན་ལ། ཧུའུ་པེ་ཡིས་ཝུའུ་ཧན་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་གཙོ་གནད་ལས་འགན་གསལ་ཐོ་ཧུར་ཐག་སྒོས་དོན་འཁྱོལ་བྱས་ནས། རྩ་འཕར་ཁབ་ལེན་ར་བའི་ཚོད་ལྟའི་སྒྲིག་ཆས་ཀྱི་ལེགས་བསྒྱུར་རིམ་སྤོར་རྣམ་གྲངས་སོགས་ཚན་རིག་ཆེན་པོའི་སྒྲིག་ཆས་བསྐྲུན་ནས་སྤྱོད་འགོ་ཚུགས་པར་སྐུལ་འདེད་བཏང་། ད་ལོར། ཧུའུ་པའེ་ཡིས་འོད་ཀུའུ་ཚན་རྩལ་གསར་གཏོད་བར་ཁྱམས་ཆེན་མོའི་རྣམ་གྲངས100ལྷག་འཆར་འགོད་དང་། ཚན་རྩལ་གཞན་སྒྱུར་བྱེད་སྒོ་སྣ་ཚོགས་ཐེངས200ཡན་སྤེལ་ཏེ། འོད་གློག་རྡུལ་ཆ་འཕྲིན་དང་། འདྲེས་སྦྱོར་སྐྱེ་དངོས་སོགས་ཁྱབ་ཁོངས་ཀྱི་འགག་རྩའི་ལག་རྩལ་འགག་སྒྲོལ་བེད་སྤྱོད་ལ་སྐུལ་འདེད་བཏང་སྟེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་སྒོས་འཕེལ་རྒྱས་གཏོང་རྒྱུ་རེད།

ཨན་ཧའེ་རུ། རང་རྒྱལ་གྱི་རང་བརྟེན་གེགས་མེད་ཚད་རྡུལ་རྩིས་འཁོར་རབས་གསུམ་པར་གོ་ལ་ཧྲིལ་པོའི་འཚམས་འདྲི་བྱེད་ཚད་ཉིན་ཤས་སྔོན་ལས་ཐེངས་བྱེ་བ་བཞི་ལས་བརྒལ་ནས། གོ་ལ་ཧྲིལ་པོའི་རྩིས་རྒྱག་ལས་འགན་བདུན་འབུམ་ལྷག་འགྲུབ། ད་ལོར། ཨན་ཧའེ་ཡིས་ཚད་རྡུལ་ཚན་རྩལ་སོགས་འབྱུང་འགྱུར་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ཚད་རྡུལ་འཕྲིན་གཏོང་དང་། རྩིས་རྒྱག ཚད་འཇལ་བཅས་ཁྱབ་ཁོངས་ཆེན་པོ་གསུམ་ལ་ཁྱབ་པའི་ཐོན་ལས་མུ་ཕྲེང་ཆ་ཚང་ཞིག་མགྱོགས་མྱུར་སྒོས་བསྐྲུན་རྒྱུ་ཡིན་པ་དང་། མིག་སྔར། ཨན་ཧའེ་ཡི་ཚད་རྡུལ་ཐོན་ལས་མུ་ཕྲེང་གི་ཁེ་ལས་བརྒྱ་ལས་བརྒལ་ཏེ། གྲངས་འབོར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས།

བཟོ་སྐྲུན་ལས་རིགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱས།

ད་ལྟའི་དབུས་རྒྱུད་ས་ཁུལ་དུ། སྐར་མ་ཉི་ཤུའི་ནང་དུ་ནུས་ཁུངས་གསར་བའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཐོན་སྐྱེད་བྱེད་ཐུབ་ལ། སྐར་མ་དྲུག་གི་ནང་དུ་རྐོ་འདྲུའི་འཕྲུལ་འཁོར་ཞིག་བཟོས་ནས། སྐར་མ་དང་སྐར་ཆ་རེ་བརྩི་བའི་ལས་ཕྱོད་མཐོ་བའི་ཐོན་སྐྱེད་དེ་དབུས་རྒྱུད་ས་ཁུལ་གྱི་རིག་ནུས་བཟོ་སྐྲུན་གྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཏུ་འགྱུར་བཞིན་ཡོད།

ཧྲན་ཞི་ཐའེ་ཡོན་གྱི་རིག་ནུས་རྩེར་སོན་ལས་གྲྭའི་ལྗིད་འདེགས་འཕྲུལ་འཁོར་ཐོན་ལས་གླིང་དུ། AIདང་གཞི་གྲངས་ཆེན་མོའི་ལག་རྩལ་རིམ་སྤོར་བྱས་རྗེས་ཀྱི་ཐོན་སྐྱེད་སྤྱད་ནས། ལྗིད་འདེགས་འཕྲུལ་འཁོར་གྱི་མ་གནས་དེ་སྲོལ་རྒྱུན་གྱི་ཐོན་སྐྱེད་བརྒྱུད་རིམ་ལས20%མར་ཆག་པ་མ་ཟད།  ནུས་ཁུངས་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་གིས་བརྒྱ་ཆའི་བཅོ་ལྔ་ཟིན་ཡོད། ད་ལོར། ཧྲན་ཞི་ཡིས་བཟོ་སྐྲུན་ལས་རིགས་ཀྱི་དར་རྒྱས་རིམ་སྤོར་ཆེད་དོན་འགུལ་སྐྱོད་ལག་བསྟར་དང་། ལྕགས་ལམ་འགྲིམ་འགྲུལ་དང་བཟོ་སྐྲུན་འཕྲུལ་ཆས་སོགས་སྔོན་ཐོན་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་ལ་ཤུགས་བསྣན་ཏེ། གསར་དར་བཟོ་ལས་ཅན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་རྒྱུ་རེད།

ཧུའུ་ནན་གྱིས་ད་ལོར་རིག་ནུས་དྲ་བའི་མཉམ་འབྲེལ་རླངས་འཁོར་དང་། དམའ་དབྱིངས་དཔལ་འབྱོར་སོགས་ཁྱབ་ཁོངས་ལ་དམིགས་ཏེ། བྱང་སྐར་སྤུན་བདུན་གྱི་གཞི་ཁྱོན་བཀོལ་སྤྱོད་སྣེ་ཁྲིད་ཁུལ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་ནས།  གོ་ལ་ཧྲིལ་པོའི་རྩེར་སོན་རྒྱུ་རྐྱེན་ཐོན་ཁུངས་གཅིག་བསྡུས་ཡོང་བར་བརྩོན་ལེན་བྱ་རྒྱུ་ཡིན་པ་དང་། མ་འོངས་པར། ཁྲག་ཁྲག་རིམ་པའི་ཁེ་ལས10གསོ་སྐྱོང་བྱ་རྒྱུ་སྣེ་ཁྲིད་དུ་བྱས་ནས། འཛམ་གླིང་རིམ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོགས་པ་ཁག་ཅིག་བསྐྲུན་རྒྱུ་རེད།

ཧུའུ་ནན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་ཝང་ཝའེ་ཨན་གྱིས་བཤད་རྒྱུར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ནང་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱིས་རྐང་འཛིན་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱ་དགོས་ཞེས་བསྟན་ཡོད། ང་ཚོས་ཡུལ་བབ་དང་བསྟུན་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད། དངོས་ཕུང་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་། དེང་རབས་ཞབས་ཞུའི་ལས་རིགས་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་མཐོ་ས་གལ་ཆེན་མུ་མཐུད་དུ་བསྐྲུན་རྒྱུ་ཡིན། 

ས་བབ་ཀྱི་དགེ་མཚན་ལ་བརྟེན་ནས། སྐམ་སའི་སྒོ་འབྱེད་མཐོ་གནས་བསྐྲུན། 

དབུས་རྒྱུད་ས་ཁུལ་གྱི་ཤར་འབྱེད་ནུབ་མཐུད་དང་། ལྷོ་མཐུད་བྱང་སྦྲེལ་ནི་རང་རྒྱལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་ཞིག་ཡིན།

ད་ལོའི་དུས་ཚིགས་དང་པོར།  ཧོ་ནན་གྱིས་འགྲིམ་འགྲུལ་ལས་གཞི་གལ་ཆེན་ཉེར་བརྒྱད་གསར་དུ་འགོ་བརྩམ་ཏེ། བསྡོམས་པས་མ་དངུལ་ཐེར་ཆེན་བརྒྱད་གཏོང་བའི་འཆར་གཞི་ཡོད།  ད་ལོར།  ཧོ་ནན་གྱིས“དབུས་རྒྱུད་ཀྱི་སྟབས་བདེའི་མཚོ་ཐོག་སྐྱེལ་འདྲེན་བགྲོད་ལམ”བསྐྲུན་པ་དམ་འཛིན་བྱས་ཏེ།  ཧོའེ་ཧོ་ཆུ་བོ་དང་ཧྲ་དབྱིན་ཆུ་བོ་སོགས་རྒྱལ་ཁབ་ཀྱི་རིམ་པ་མཐོ་བའི་གྲུ་ལམ4ཚད་ལོན་ཡོང་བར་སྐུལ་འདེད་བཏང་ནས།  ཀྲོའུ་ཁོའུ་གྲུ་ཁ་དང་ཞིན་དབྱང་གྲུ་ཁ་སོགས་དེང་རབས་ཅན་གྱི་གྲུ་ཁ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱ་རྒྱུ་རེད།

ཅང་ཞི་རུ།  ཁྲང་ཀན་མྱུར་བགྲོད་ལྕགས་ལམ་དང་།  ཁྲང་ཅིའུ་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་ལ་བརྟན་བརླིང་ངང་སྐུལ་འདེད་བཏང་བ་དང་།  ཀན་ཅང་ཆུ་བོ་དང་ཁྲང་ཅང་ཆུ་བོའི་རིག་ནུས་གྲུ་ལམ་བསྐྲུན་ཚད་རྒྱུན་མི་ཆད་པར་ཇེ་མགྱོགས་སུ་སོང་ཡོད། ད་ལོར་ཅང་ཞི་ཡིས“རིག་ནུས་འགག་སྒོའི”རིམ་སྤོར་རྒྱུན་མཐུད་ངང་གཏིང་ཇེ་ཟབ་ཏུ་བཏང་སྟེ། “གཞུང་ལམ་དང་། ལྕགས་ལམ། ཆུ་ལམ། མཁའ་ལམ”བཅས་ཀྱི་ལངས་གཟུགས་འགྲིམ་འགྲུལ་དྲ་བ་ཚགས་དམ་པོ་བཟོས་པ་དང་། ལྕགས་ལམ་དང་རྒྱ་མཚོའི་ལམ་གྱི་མཉམ་འདྲེན་དང་། ཆུ་ལམ་དང་ཆུ་ལམ་མཉམ་འདྲེན་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། ཅང་ཞི་ལ“སྐམ་སའི་དབུས་ཁུལ”ནས“སྒོ་འབྱེད་སྔོན་སྐྱོད”ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བཏང་།

​ཅང་ཞི་ཞིང་ཆེན་ཚོང་དོན་ཐིང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཝན་རེན་ཝེ་ཡིས་བཤད་རྒྱུར།  ལོ་ལྔའི་འཆར་འགོད་བཅོ་ལྔ་པར་རྒྱང་ལྟ་བྱེད་ན། ང་ཚོས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་འཁོར་སྐྱོད་ཀྱི་སྤུས་ཚད་སྲ་བརྟན་དང་ཇེ་ལེགས་སུ་གཏོང་དགོས་པ་དང་། འཛམ་གླིང་དང་འབྲེལ་བའི་ཚོང་དོན་བགྲོད་ལམ་སྔར་ལས་མང་པོ་བསྐྲུན་ནས། སྒོ་འབྱེད་ཆེན་མོ་དང་འཕེལ་རྒྱས་ཆེན་པོར་སྐུལ་འདེད་བཏང་བར་བརྟེན། སྐམ་སའི་ས་ཁུལ་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་མཐོ་གནས་གསར་པ་བསྐྲུན་དགོས།