
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང》དེ2026ལོའི་ཟླ8པའི་ཚེས15ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད། ཀྲུང་གོའི་ཁྲིམས་གཞུང་དུ་མིང་བཏགས་པའི་བཅའ་ཁྲིམས་ཁག་གཉིས་པ་ཡིན་པའི་ཆ་ནས་དོན་སྙིང་ཆེན་པོ་ལྡན། མཚོ་སྔོན་ལ་མཚོན་ན། སྐྱེ་ཁམས་ནི་ཞིང་ཆེན་འཛུགས་པའི་གཞི་རྩ་དང་འཕེལ་རྒྱས་ཀྱི་གནད་ས་ཡིན། ཁྲིམས་གཞུང་གིས་མ་ལག་ལྡན་པའི་སྒོ་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དངོས་འབེབས་བྱས་ཏེ། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་ཚད་མཐོའི་མཐུན་པོ་བྱུང་ཡོད་ལ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བཅའ་ཁྲིམས་ཀྱི་སྒྲོམ་གཞི་གསལ་བོ་གཏན་འབེབས་བྱེད་པ་དང་། 《སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང》བཏོན་ནས་ལག་བསྟར་བྱས་པ་དང་བསྟུན་ནས། མཚོ་སྔོན་གྱིས་ལྗང་མདོག་གི་ཁྲིམས་གཞུང་དེ་དང་ཞིང་ཆེན་གྱི་གནས་ཚུལ་ཟུང་འབྲེལ་བྱས་ཏེ། རི་སྔོ་ཆུ་དྭངས་ཀྱི་སྲུང་ཡོལ་བརྟན་པོར་ཇི་ལྟར་བསྒྱུར་བ་དང་། མཚོ་སྔོན་གྱིས་ཡང་བསྐྱར《སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང》ཞེས་པའི་རྨང་གཞིའི་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་ལྡན་པའི་ཁྲིམས་སྐྱོང་ལག་ཆ་དེ་ཇི་ལྟར་བེད་སྤྱོད་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་དགོས་སམ།
ཁྲིམས་གཞིའི་ཐོག་ནས་ཁ་ཕྱོགས་གསལ་པོ་འགྲེལ་བཤད་བྱས་ཏེ་སློབ་སྦྱོང་དང་བཀོལ་སྤྱོད་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་དགོས།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང“ཀྲུང་ཧྭའི་ཆུ་མཛོད”ཀྱི་ལྟེ་བའི་ཐེག་ཁུལ་ཡིན་པའི་ཆ་ནས། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཆགས་སྟངས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད། སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་མ་ལག་རང་བཞིན་དང་ཡུན་རིང་རང་བཞིན་གྱི་ལས་འགན་ལ་ཁ་གཏད་དེ། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་བདེ་འཇགས་ཀྱི་དམར་ཐིག་ཇི་ལྟར་སྲུང་སྐྱོང་བྱ་རྒྱུ་དེ་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་འགག་རྩའི་གྲོས་གཞིར་གྱུར་ཡོད།
དུས་ཡུན་རིང་བོར་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་རིག་པའི་ཞིབ་འཇུག་དང་སློབ་ཁྲིད་བྱ་བ་གཏིང་ཟབ་སྤེལ་མཁན་མཚོ་སྔོན་དགེ་ཐོན་སློབ་ཆེན་ཁྲིམས་ལུགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་འཆད་ཁྲིད་དགེ་རྒན། ཁྲིམས་ལུགས་རིག་པའི་འབུམ་རམས་པ་ཝང་ཧྲེང་ཀྲེན་གྱིས་ཁྲིམས་གཞུང་དེ་ཉེ་དུས་ཀྱི་ཞིབ་འཇུག་སློབ་སྦྱོང་གི་གཙོ་གནད་ནང་དོན་དུ་བརྩིས་ཡོད། མོས་བསྟན་དོན། ཁྲིམས་གཞུང་དེའི་ལྟེ་བའི་ལམ་ལུགས་རིན་ཐང་དེ་སྤྱི་ཡོངས་རང་བཞིན་གྱི་བཅོས་སྐྱོང་དང་། མ་ལག་རང་བཞིན་གྱི་སྲུང་སྐྱོབ། མཐུན་སྦྱོར་རང་བཞིན་གྱི་དོ་དམ་དང་བཀག་སྡོམ་བཅས་ཀྱི་ཐད་མཚོན་ཡོད་པ་དང་། མཚོ་སྔོན་གྱིས་རི་ཆུ་ནགས་ཞིང་དང་། མཚེའུ་རྩྭ་ཐང་བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་ཚད་མཐོའི་མཐུན་པ་བྱས་ནས། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་རྩེ་རིམ་གྱི་ཁྲིམས་སྐྱོང་འདོན་སྤྲོད་བྱས་ཡོད།
ཝང་ཧྲེང་ཀྲེན་གྱིས་བཤད་རྒྱུར། ཁྲིམས་གཞུང་ནང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལེའུ་དེ་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དངོས་ཡོད་དགོས་མཁོ་དང་མཐུན་ཚད་མཐོ་བས། ཁྲིམས་གཞུང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་རྨང་གཞིའི་སྟེང་། སྤྱི་འདོམས་སྐུལ་འདེད་དང་གཙོ་གནད་ཐོལ་བརྒལ་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་དང་། འབྲི་ཆུ་དང་རྨ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སླར་གསོ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ལ་དམིགས་ནས་འགག་རྩའི་ཁྱབ་ཁོངས་སུ་གནད་འཕིགས་ཇུས་འདོན་བྱེད་དགོས་ཟེར།
ཁྲིམས་གཞུང་ནང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དོན་ཚན་དུ་ཆེད་དོན་ལེའུ་དང་ཆེད་དོན་ས་བཅད་ཀྱི་སྐྱེ་ཁམས་སླར་གསོ་ལ་མ་ལག་རང་བཞིན་གྱིས་ཚད་ལྡན་དུ་བཏང་བ་དེས། རིམ་པ་སོ་སོའི་སྲིད་གཞུང་དང་དེ་མིན་འབྲེལ་ཡོད་འགན་ནུས་སྡེ་ཁག་གི་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་ཁྲིམས་སྐྱོང་གི་གཞི་འཛིན་ས་གསལ་བོ་བཏོན་པ་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་བྱ་བའི་ཐད་གཅིག་གྱུར་གྱི་ལམ་ལུགས་ཚད་གཞི་དང་འགན་འཁྲིའི་མཐའ་མཚམས་གཏན་འཁེལ་བྱས་ཡོད་པས། དངོས་ཡོད་ཀྱི་མཛུབ་ཁྲིད་དོན་སྙིང་གལ་ཆེན་ལྡན།
ཝང་ཧྲེང་ཀྲེན་གྱིས་བལྟས་ན། ཁྲིམས་གཞུང་གིས་སྐྱེ་ཁམས་ཁོར་ཡུག་གི་བཅའ་ཁྲིམས་འགན་འཁྲི་མངོན་གསལ་སྒོས་ཇེ་བརྟན་དུ་བཏང་བ་དང་། ཆད་གཅོད་སྒྲིག་སྲོལ་དང་ཆད་གཅོད་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་ཚད་ལྡན་ཅན་དང་གནད་འཁེལ་ཅན་གྱི་བླང་བྱ་སྔར་ལས་མཐོ་རུ་བཏང་ཡོད། “ཁྲིམས་གཞུང་ཁྱབ་བསྒྲགས་ལག་བསྟར་བྱས་པ་དེས། མ་ལག་ཆ་ཚང་བའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་ལྡན་མ་ལག་བཙུགས་པ་དང་། སྲུང་སྐྱོབ་ཚད་གཞི་གཅིག་གྱུར་ཅན་དང་ཁྲིམས་འཛིན་འགན་འཁྲི་གསལ་བོར་འགྱུར་བར་མངོན་འགྱུར་བྱས་ལ། ཁྲིམས་འཛིན་ཕན་ཚུན་རིམ་བརྩེགས་དང་ལྟ་སྐུལ་དོ་དམ་གྱི་སྟོང་ཆ་ནུས་ལྡན་སྒོས་བསྐང་པས། སྐྱེ་ཁམས་ཁོར་ཡུག་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཕྱིན་ཡོད། ”
ཕྱོགས་ཡོངས་ནས་ལག་བསྟར་དང་གཙོ་གནད་འབུར་ཐོན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།《སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང》དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། མཚོ་སྔོན་གྱི་ངོས་ནས་བརྗོད་ན། མིག་སྔར་ཁ་ཚ་དགོས་གཏུག་གི་ལས་འགན་ནི་ཁྲིམས་གཞུང་གི་དགོངས་དོན་དང་ལམ་ལུགས་ཚད་ལྡན་དུ་གཏོང་བ་དང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། སྲིད་གཞུང་གི་སྒྲིག་སྲོལ་འཛུགས་པ་དང་བཅོས་སྒྱུར། མེད་པར་བཟོ་བ། འགྲེལ་བཤད་རྒྱག་པ་བཅས་ལ་སྐུལ་འདེད་གཏོང་བ། སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཙང་བཤེར་དང་དག་བཅོས་གཏན་འཁེལ་འཐུས་ཚང་དུ་གཏོང་བ། ཁྲིམས་གཞུང་དང་འབྲེལ་མཐུད་བྱེད་པ་དང་ཞིང་ཆེན་གྱི་གནས་ཚུལ་དང་འཚམ་པའི་ལམ་ལུགས་མ་ལག་མགྱོགས་མྱུར་གྱིས་འཛུགས་པ། ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་དགོས།
མ་ལག་ལྡན་པའི་བཅོས་སྐྱོང་གིས་སྐྱེ་ཁམས་སྲུང་སྐྱོབ་དང་། མཐུན་སྦྱོར་མཉམ་བཅོས་བྱས་ཏེ་ཀྲུང་ཧྭའི་ཆུ་མཛོད་སྲུང་དགོས།
ཁྲིམས་གཞུང་ལ་བསྡོམས་པའི་ལེའུ་ལྔ་དང་དོན་ཚན1242ཡོད། སྐྱེ་ཁམས་བཅའ་ཁྲིམས་མ་ལག་གཅིག་བསྡུས་བྱས་ཏེ་ཁྱོན་ཡོངས་ལ་ཁྱབ་པའི་སྲུང་སྐྱོབ་ལམ་ལུགས་མ་ལག་བཙུགས་ཡོད། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་སྡེ་ཁག་གི་ཀྲུའུ་རེན་ཏང་ཁྲུན་ཡན་གྱིས་བལྟས་ན། དེས་མཚོ་སྔོན་ཞིབ་དཔྱོད་ཀྱི་འགན་འཁྲི་སྒྲུབ་པའི་འདུ་ཤེས་མངོན་འགྱུར་བྱེད་པ་དེ་སྔའི“རྒྱུ་རྐྱེན་གཙོ་བོའི་སྣ་རྐྱང་གི་བཅོས་སྐྱོང”ནས“རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་། བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང”གི་གཞི་རྩའི་འགྱུར་ལྡོག་མཚོན་ཡོད།
འདུ་ཤེས་དེ་རིམ་སྤར་བྱས་པས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་གི་ཁྱོན་ཡོངས་རང་བཞིན་གྱི་ཁྱད་ཆོས་དང་མཐུན་པ་རེད། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་འགལ་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཁོ་ན་མ་ཡིན་པར་སྐྱེ་ཁམས་སླར་གསོ་དང་སྐུལ་འདེད་ལས་རིགས་བཅོས་སྐྱོང་ལ་མཉམ་དུ་སྐུལ་འདེད་བཏང་ཡོད་པས། དེ་ནི་སྐྱེ་ཁམས་གྱོད་གཞི་མངོན་འགྱུར་བྱེད་པའི་སྐྱེ་ཁམས་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་རེད།
ཁྲིམས་གཞུང་ལས“སྐྱེ་ཁམས་ཁོར་ཡུག་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། ཞིབ་བཤེར་ལྟ་སྐུལ་ནུས་པ་ཇེ་དྲག་ཏུ་གཏོང་དགོས་པ”གསལ་བོ་བཏོན་ཡོད། ཏང་ཁྲུན་ཡན་གྱིས་ཁྲིམས་བཅད་འགན་འཁྲི་དེ་ནི་མཚོ་སྔོན་ཞིབ་དཔྱོད་ཀྱིས་ཆབ་སྲིད་ལ་བརྟེན་ནས་ལྗང་མདོག་སྲུང་བ་དང་ཁྲིམས་སྐྱོང་ལ་བརྟེན་ནས་རྨང་གཞི་སྲ་བརྟན་དུ་གཏོང་བའི་བླང་བྱ་གསར་བ་གཉིས་ཡིན་ཟེར།
མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་གི་སྤྱི་ཡོངས་རང་བཞིན་དང་མཐའ་མེད་རང་བཞིན་གྱིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ངེས་པར་དུ་བཅོས་སྐྱོང་གི་ལམ་དུ་བསྐྱོད་དགོས་པ་ཐག་གཅོད་བྱས་ཡོད། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་སྔོན་དུ“སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་གཏུག་བཤེར་སྐོར་སྐྱོད་ཞིབ་བཤེར”གྱི་སྐོར་སྐྱོད་ཆེན་མོའི་ཞིབ་བཤེར་དང་། ས་ཁོངས་ལས་བརྒལ་བའི་རོགས་ལས་རྣམ་པ་འཚོལ་ཞིབ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ཞིབ་བཤེར་གྱི་མཚོ་སྔོན་གྱི་ཇུས་གཞི་རུ་གྱུར་ཡོད། ཏང་ཁྲུན་ཡན་གྱིས་བཤད་རྒྱུར། ལོ་བཞིའི་རིང་ལག་ལེན་བྱས་པ་བརྒྱུད། ཞིབ་བཤེར་ལས་ཁུངས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ་སོགས་ས་གནས་སུ་སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་གཏུག་བཤེར་སྐོར་སྐྱོད་ཞིབ་བཤེར་ཐེངས140ལྷག་བྱས་པ་དང་། དངོས་སྒྲུབ་བྱེད་ཐབས་ལ་བརྟེན་ནས་ཆུ་བོ་དང་མཚེའུའི་བཞུར་རྒྱུད་ལས་བརྒལ་བ་དང་། སྲིད་འཛིན་ས་ཁོངས་ལས་བརྒལ་བ། དོ་དམ་སྡེ་ཁག་ལས་བརྒལ་བའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དཀའ་གནད་ཐག་གཅོད་བྱས་ཟེར།
ཏང་ཁྲུན་ཡན་གྱི་སྐད་ཆ་དེའི་ཐོག་ནས་ཁྲིམས་གཞུང་ནི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཁྲིམས་སྐྱོང་གི་རྩ་འཛིན་ཡིན་པ་མ་ཟད། ད་དུང་མི་ཚང་མ་དང་འབྲེལ་བ་དམ་ཟབ་ཡོད་པ་ཤེས་ཐུབ།
ཏང་ཁྲུན་ཡན་གྱིས་ཚང་མས་ཁྲིམས་ནི“སྲུང་སྐྱོབ་བྱེད་སྤྱད”ཡིན་ལ“དམ་སྔགས”ཀྱང་ཡིན་པ་ཤེས་དགོས་པའི་ངོས་འཛིན་བྱེད་ཀྱིན་ཡོད། ཁྲིམས་གཞུང་ནང་ནམ་མཁའ་སྔོན་པོ་དང་། ཆུ་མོ་དྭངས་བ། ས་གཙང་བཅས་ནི་མི་ཚང་མའི་ཁྲིམས་གཏན་འཁེལ་བྱེད་པའི་དབང་ཆ་ཡིན། དེ་དང་ཆབས་ཅིག བཅའ་ཁྲིམས་ཀྱིས་གཏན་འཁེལ་བའི་སྲུང་སྐྱོབ་འོས་འགན་ཡོད་པས་མི་ཚང་མས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་མི་སྒེར་གྱི་བྱ་སྤྱོད་རང་རྟོགས་སུ་བརྩི་དགོས་ཞེས་གསལ་བོར་བཏོན་ཡོད།
ཀ་བཞི་གདུང་བརྒྱད་ཀྱི་སྒྲིག་ལམ་བཙུགས་ནས་ཁྱད་ཆོས་ཞིབ་ཏུ་མངོན་པར་བྱ་དགོས།
སྐྱེ་ཁམས་ཁྱབ་ཁོངས་ཀྱི་མ་ལག་རང་བཞིན་ལྡན་པའི་ཁྲིམས་གཞུང་དང་པོ་ཡིན་པའི་ཆ་ནས། ཁྲིམས་གཞུང་གི་སྒྲིག་སྲོལ་ཆེན་པོ་དང་ལམ་ལུགས་ཆེན་པོའི་འོག་གཞིར་འཛིན་ས་གཅིག་པུ་དེ་མིན།
མཱ་ཁྲང་ཅུན་གྱིས་བཤད་རྒྱུར། མཚོ་སྔོན་གྱི་སྐྱེ་ཁམས་མ་ལག་ནི་ཁྱད་དུ་འཕགས་པ་དང་རྙོག་འཛིང་ཆེ་བ་ཞིག་ཡིན་པས། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་སྲོལ་གྱིས་ངེས་པར་དུ་ཁྲིམས་གཞུང་དང་མཉམ་དུ་ལས་རིགས་གཅིག་པ་དང་སྦྲེལ་མཐུད་ཡག་པོ་བྱས་ཏེ། ཁྲིམས་སྐྱོང་གི་གཅིག་གྱུར་རང་བཞིན་ལྡན་ལ་མཚོ་སྔོན་གྱི་དབྱེ་འབྱེད་ཀྱང་ཐུབ་པའི་ཁག་ཐེག་བྱེད་དགོས་ཟེར།
“ད་ལོ་ང་ཚོས་ཁྲིམས་གཞུང་གི་དབང་ཆ་སྤྲོད་པ་དང་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་འཛུགས་དགོས་མཁོར་དམ་པོར་དམིགས་ནས། གཙོ་གནད་ཁྲིམས་འཛུགས་རྣམ་གྲངས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་སྟེ། 《མཚོ་སྔོན་ཞིང་ཆེན་གྱི་བརླན་ས་སྲུང་སྐྱོབ་སྲོལ་ཡིག》དང《མཚོ་སྔོན་ཞིང་ཆེན་གྱི་སྲ་གཟུགས་སྙིགས་རོའི་ཁོར་ཡུག་སྦགས་བཙོག་འགོག་བཅོས་སྲོལ་ཡིག》སོགས་གཙོ་གནད་ཁྲིམས་འཛུགས་རྣམ་གྲངས་ད་ལོར་བཏོན་ཏེ། བརླན་ས་སྲུང་སྐྱོབ་དང་སྲ་གཟུགས་སྙིགས་རོ་བཅོས་སྐྱོང་སོགས་འགག་རྩའི་མངའ་ཁོངས་ལ་ཐད་ཀར་ཁྲིམས་སྐྱོང་གི་གཞི་འཛིན་ས་འདོན་སྤྲོད་བྱ་རྒྱུའི་ཁག་ཐེག་བྱས་ཡོད། དེ་དང་ཆབས་ཅིག བྱེ་འགོག་བྱེ་བཅོས་དང་ནགས་དཔོན་ལམ་ལུགས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་། ཉེན་ཆེའི་རྫས་འགྱུར་དངོས་པོ་བདེ་འཇགས་དོ་དམ་སོགས་ཁྲིམས་འཛུགས་བྱ་བ་མཉམ་གཅིག་ཏུ་ཇེ་མགྱོགས་སུ་བཏང་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ། མཚོ་སྔོན་པོ་སོགས་སྐྱེ་ཁམས་ས་ཁོངས་གཙོ་བོར་དམིགས་པའི་སྲུང་སྐྱོབ་ཞིབ་སྲོལ་སྔར་ལས་ཞིབ་ཚགས་སུ་བཏང་སྟེ། ཁྲིམས་གཞུང་གི་རྩ་དོན་རང་བཞིན་གྱི་གཏན་འབེབས་དེ་བཀོལ་སྤྱོད་ཐུབ་པ་དང་དོན་འཁྱོལ་ཐུབ་པའི་ཞིབ་ཕྲའི་དོན་ཚན་ལ་བསྒྱུར་དགོས།”
མཱ་ཁྲང་ཅུན་གྱིས་བལྟས་ན། ཁྲིམས་གཞུང་ལག་བསྟར་བྱས་པ་དེས། མཚོ་སྔོན་གྱིས་ཁྲིམས་སྐྱོང་འཛུགས་སྐྲུན་ཁྲོད་འཚོལ་ཞིབ་བྱས་ནས་ཐོབ་པའི“མཚོ་སྔོན་གྱི་ཉམས་མྱོང”དང“ཁྱད་ལྡན་རྣམ་པ”སྔར་ལས་ཁྲིམས་སྐྱོང་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
མདོ་དབུས་མཐོ་སྒང་གི་ས་རྒྱ་ཆེ་ལ་མི་གྲངས་ཉུང་བ་དང་། སྡོད་གནས་ཀྱང་ཁ་ཐོར་ཡིན། མཚོ་སྔོན་ཁྲིམས་འཛིན་སྲིད་འཛིན་མ་ལག་གིས་ཁྲིམས་སྐྱོང་འཛུགས་སྐྲུན་གཞི་རིམ་དུ་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འགོ་ཁུངས་ནས་སྔོན་འགོག་ཚོད་འཛིན་བྱེད་པ་དང་གྲལ་བཤེར་གསེད་བཀྲོལ། རྩོད་གཞི་སེལ་བ། འཕྲལ་བསྟུན་ཐག་གཅོད་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་སྤྱི་ཚོགས་འགལ་བའི་ཕྱོགས་བསྡུས་བཅོས་སྐྱོང་རྐྱེན་སྲོལ་ཧུར་ཐག་གིས་བསྐྲུན་ཡོད།
མིག་སྔར། ཞིང་ཆེན་ཡོངས་སུ་སྐྱེ་ཁམས་ཁོར་ཡུག་རྩོད་གཞི་མི་དམངས་འདུམ་སྒྲིག་རྩ་འཛུགས6གསར་དུ་བཙུགས་ཡོད་པ་དང་། ཆེད་འགན་འདུམ་སྒྲིག་པ39བཀོད་སྒྲིག་བྱས་ནས། རྩྭ་ཐང་བདག་ཁོངས་དང་ཆུའི་ཐོན་ཁུངས་བེད་སྤྱོད། ཁོར་ཡུག་སྦགས་བཙོག་སོགས་འགལ་བའི་རྩོད་གཞི260ལྷག་ཙམ་ཐག་གཅོད་བྱས། མཐོ་སྒང་འབྲོག་ཁུལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ “རྟ་རྒྱབ་འདུམ་སྒྲིག”དང“ཕྱིང་ཁང་འདུམ་སྒྲིག”སོགས་ཁྱད་ལྡན་རྣམ་པ་གསར་དུ་བཙུགས་པ་དང་།“གཅིག་འཐུས་རྣམ་པའི”འགལ་བ་དང་རྩོད་གཞི་འདུམ་སྒྲིག་ལྟེ་གནས་བརྒྱུད་དེ། སྐྱེ་ཁམས་རིགས་ཀྱི་རྩོད་གཞི་གཞི་རིམ་དུ་གསར་རྙེད་དང་། གཞི་རིམ་དུ་སེལ་བ། རྩ་བ་ནས་མེད་པར་གཏོང་བ་བཅས་བྱ་རྒྱུ་རེད།
ཁྲིམས་གཞུང་ནང་སྣ་མང་ཅན་གྱི་ཐག་གཅོད་དང་། འགོ་ཁུངས་ནས་སྔོན་འགོག་ཚོད་འཛིན་བྱེད་པ། གཞི་རིམ་བཅོས་སྐྱོང་བཅས་ཆེད་དུ་ནན་བཤད་བྱས་ཡོད་པ་དང་། མི་དམངས་འདུམ་སྒྲིག་སོགས་ཀྱི་བྱེད་ཐབས་ལ་རྒྱབ་སྐྱོར་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་རྩོད་གཞི་ཐག་གཅོད་ནུས་ལྡན་བྱ་རྒྱུ་གསལ་བོ་བྱས་ཡོད། དེ་ནི་མཚོ་སྔོན་གྱི་གཞི་རིམ་སྐྱེ་ཁམས་བཅོས་སྐྱོང་ཁྲོད་ཀྱི་ཁྲིམས་སྐྱོང་གི་གཞི་འཛིན་ས་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་དུ་ཁྲིམས་གཞུང་གི་དགོངས་དོན་དང་ཚད་མཐོའི་མཉམ་འདྲེས་ཀྱི་རྣམ་པ་ཆགས་པ་ར་སྤྲོད་བྱས་ཡོད།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་ལ། ཁྲིམས་གཞུང་གིས་ཏང་ཨུ་དང་སྲིད་གཞུང་། ཁེ་ལས་ལས་དོན་ལས་ཁུངས། སྤྱི་ཚོགས་རྩ་འཛུགས་དང་མང་ཚོགས་ཚང་མས་དེ་མཚུངས་ཀྱི་ཁྲིམས་བཀོད་འོས་འགན་དང་བྱ་སྤྱོད་ཀྱི་ཚད་གཞི་གསལ་བོ་བཟོས་ཡོད། ཁྲིམས་གཞུང་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཁྲིམས་སྦྱོང་བ་དང་ཁྲིམས་ཤེས་པ། ཁྲིམས་ཤེས་ཏེ་ཁྲིམས་སྲུང་བ་ཡིན་པས། ཆེད་ལས་གསོ་སྦྱོང་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། འགན་དབང་གི་ལས་བགོས་གསལ་བོ་བྱེད་པ་དང་མཉམ་དུ་དམངས་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། ཁྲིམས་སྐྱོང་གི་འདུ་ཤེས་མི་སེམས་སུ་གཏིང་ཟབ་པར་ཟུག་རྒྱུར་སྐུལ་འདེད་བཏང་ནས། སྤྱི་ཚོགས་ཡོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་མཉམ་དུ་སྲུང་སྐྱོབ་དང “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བྱེད་པའི་སྟོབས་ལྡན་གྱི་འགྲིལ་ཤུགས་གཅིག་ཏུ་བསྡུ་དགོས།
ཤ་བོ་རིན་མཚོས་བསྒྱུར།