བརྙན་ཐུང་གིས་བྱིས་པར་གནོད་འཚེ་འདི་དག་བཟོ་སྲིད།

ཁུངས། ཀློག་གྲངས།

    བརྙན་ཐུང་ལས་ཐོབ་པའི་སྤྲོ་སྣང་དེ་དག་ནི་བལྟས་ཚོད་ཀྱིས་བག་ཕེབས་དང་གནོད་མེད་ཅིག་ཏུ་སྣང་

མོད། འོན་ཀྱང་དོན་དངོས་སུ་བྱིས་པའི་འཚར་ལོངས་བྱུང་མེད་པའི་ལུས་སེམས་ལ་རྒྱུན་མཐུད་ངང་

ཤུགས་རྐྱེན་ཐེབས་ནས། ལྡོག་ཐབས་མེད་པའི་མངོན་མེད་ཀྱི་གནོད་འཚེ་མང་བོ་བཟོ་སྲིད།

གཅིག བྱིས་པའི་རིག་པ་སྒྲིམ་པའི་ནུས་པ་རྩ་གཏོར་བྱེད་པ།

བརྙན་ཐུང་གི་འགྲོས་མགྱོགས་རང་བཞིན་དང་ཐ་ཐོར་ཅན་གྱི་གཞན་དབང་གི་བསླུ་བྲིད་ཀྱིས་བྱིས་པའི་བསམ་གཞིགས་གཏོང་བའི་ནུས་པ་ཉམས་སུ་འཇུག་པ་དང་། གཏན་ཚིགས་ཀྱི་བསམ་གཞིགས་ཀྱང་རྒྱུན་མཐུད་ངང་ཇེ་ཞན་དུ་གཏོང་སྲིད། དེར་མ་ཟད་བྱིས་པ་རྣམས་སློབ་སྦྱོང་དང་དཔེ་ཀློག་སོགས་དལ་བའི་རང་བཞིན་གྱི་དྲང་ཕྱོགས་བྱ་དངོས་ལ་སྤྲོ་སྣང་མེད་པར་གྱུར་ཏེ། བྱ་བ་སྒྲུབ་པའི་ཚེ་ནའང་བག་མི་ཕེབས་པ་དང་རིག་པ་གཅིག་ཏུ་སྒྲིམ་དཀའ་བར་འགྱུར་སྲིད།

གཉིས། ལུས་པོའི་འཚར་ལོངས་ལ་གནོད་པ།

དུས་ཡུན་རིང་བོར་བརྙན་ཤེལ་ལ་ཅེར་ཚེ་རྒྱང་སྒྲིབ་དང་མིག་སྐམ་ནད་འབྱུང་སླ་ཞིང་། ཙོག་པུར་བསྡད་དེ་མགོ་བོ་སྒུར་ཡུན་རིང་ན་སྐེ་ཚིགས་དང་སྒལ་གཞུང་ལའང་གནོད་པ་ཐེབས་སྲིད། དེ་མིན་བྱིས་པ་མང་བོས་བརྙན་ཐུང་ལ་བལྟས་ནས་འཕྱི་ཉལ་བྱེད་པས། གཉིད་མི་འདང་བ་དང་ངལ་གསོའི་དུས་ཚོད་འཆོལ་བར་གྱུར་ནས། ཐད་ཀར་འཚར་ལོངས་སྐུལ་རྩི་ཟགས་ཐོན་ལ་ཤུགས་རྐྱེན་ཐེབས་ཏེ། གཟུགས་སྐྱེ་བར་འགོག་རྐྱེན་བཟོ་སྲིད། 

གསུམ། སེམས་ཁམས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པ།

བརྙན་ཐུང་གི་ནང་དོན་ལ་བཟང་ངན་ཅི་རིགས་ཡོད་པས། འཆལ་སྤྱོད་ཅན་དང་རྣམ་གཡེང་ཅན། ཐ་ཐོར་ཅན་བཅས་ཀྱི་ནང་དོན་ཁག་ཅིག་གིས་བྱིས་པའི་རིན་ཐང་གི་ལྟ་བ་དང་རིག་པའི་འཚར་ལོངས་ལ་ཤུགས་རྐྱེན་བཟོ་སྲིད། དུས་ཡུན་རིང་བོར་རྟོག་བཟོའི་སྤྲོ་སྣང་ལ་གཡེངས་ན། བྱིས་པ་བག་ཕེབས་སུ་གནས་མི་ཐུབ་པ་དང་ཁོང་ཁྲོ་ལངས་སྐྱེན་པར་འགྱུར་སྲིད་པ་དང་། གལ་ཏེ་ཁ་པར་རྩེ་མ་ཐུབ་ཚེ། སུན་སྣང་སྐྱེ་བ་དང་སེམས་ཁམས་མི་སྐྱིད་པ། ངུ་བ་སོགས་སེམས་ཁམས་ཚོད་འཛིན་བྱེད་མི་ཐུབ་པའི་གནས་ཚུལ་ཡང་འབྱུང་སྲིད།

བརྙན་ཐུང་གིས་བཟོས་པའི་གནོད་འཚེ་རྒྱུན་དུ་དོ་སྣང་ཆེན་པོ་མི་བྱེད་པས་ ཁྱིམ་བདག་ཚོས་དེ་ལ་མཐོང་ཆེན་བྱེད་དགོས།

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།