
ཉིན་གཅིག་གི་འཆར་གཞི་ཞོགས་པ་ནས་མགོ་རྩོམ་དགོས་ཞེས་པ་ལྟར། ཞོགས་པར་མལ་ལས་ལངས་རྗེས་ནི་རིན་ཆེན་གསེར་དང་མཚུངས་པའི་ལུས་སྲུང་གི་དུས་ཚོད་ཡག་ཤོས་ཡིན་པས། ཆུ་འཐུང་བ་དང་གསང་སྤྱོད་དུ་འགྲོ་བ། ཞོགས་ཟས་ཟ་བ་བཅས་གོ་རིམ་བཞིན་ལེགས་པར་བསྒྲུབ་ན། ལུས་པོ་བདེ་ཐང་ཡོང་བར་ཕན།
གཅིག ཆུ་འཐུང་བ། མི་མང་ཆེ་བར་ཞོགས་པར་མལ་ལས་ལངས་རྗེས་ཆུ་ཕོར་བ་གང་རེ་འཐུང་བའི་གོམས་གཤིས་ཡོད། ཞོགས་པར་མལ་ལས་ལངས་རྗེས་ཆུ་དྲོ་འཇམ་ཧའོ་ཧྲེང300འཐུང་ན་ཁྲག་འཁོར་རྒྱུག་ལ་ཕན་པ་དང་ཁྲག་རྡོག་ཆགས་པའི་ཉེན་ཁ་ཇེ་ཆུང་དུ་གྱུར་ཏེ་གྲིབ་ནད་སྔོན་འགོག་བྱེད་ཐུབ།
གཉིས། གསང་སྤྱོད་དུ་འགྲོ་བ། ཉིན་གཅིག་གི་དུས་ཚོད་ནང་རྩ་གཏོང་བའི་དུས་ཚོད་ཡག་ཤོས་གཉིས་ཡོད་དེ། གཅིག་ནི་ཞོགས་པར་ཡར་ལངས་རྗེས་དང་། གཉིས་ནི་ཞོགས་ཟས་ཟོས་རྗེས་ཡིན། ཞོགས་པར་ཡར་ལངས་རྗེས་རྩ་བཏང་ན་ལུས་པོས་དུག་རྒྱུ་བསྡུ་ལེན་བྱེད་ཚད་ཇེ་ཉུང་དུ་འགྲོ་བ་དང་རྒྱུ་མའི་གཉན་ཚད་དང་རྒྱུ་སྐྲུན་གྱི་ཉེན་ཁའང་ཇེ་ཆུང་དུ་འགྲོ་སྲིད།
གསུམ། ཞོགས་ཟས་ཟ་བ། ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཞོགས་པའི་ཆུ་ཚོད་བརྒྱད་པའི་སྔོན་ལ་ཞོགས་ཟས་ཟ་བ་དང་། དགོང་མོའི་ཆུ་ཚོད་བརྒབྱད་པའི་སྔོན་ལ་དགོང་ཟས་ཟོས་ན་སྙིང་ཁམས་ཁྲག་རྩའི་ནད་རིགས་སྔོན་འགོག་བྱེད་པར་ཕན་ནུས་ལྡན་པ་ཡིན།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།