སྐྲའི་མདོག་ཡང་ཡང་བསྒྱུར་ན་མཁལ་མར་གནོད་སྲིད།

ཁུངས། ཀློག་གྲངས།

ཉེ་སྔོན། སྐྲའི་མདོག་ཡང་ཡང་བསྒྱུར་ཏེ་གྱུར་དུག་རང་བཞིན་གྱི་མཁལ་ཚད་བསླངས་པའི་གསར་འགྱུར་ལ་ཚང་མས་དོ་སྣང་ཆེན་པོ་བྱས། ཆེས་རྒྱུན་ལྡན་གྱི་སྐྲའི་མདོག་བསྒྱུར་བའི་སྤྱོད་ལམ་དེ་མཁལ་ཚད་འབྱུང་

བར་འབྲེལ་བ་ཅི་ཞིག་ཡོད་ཅེ་ན།

ཐེན་ཅིན་གྲོང་ཁྱེར་དཀྱིལ་སྙིང་སྨན་ཁང་དང་པོའི་པགས་ནད་ཚན་ཁག་གི་སྨན་པ་ཞི་ཏན་གྱིས་བཤད་པ་ལྟར་ན། སྐྲ་ཚོས་མང་ཆེ་བར་གཏད་པུན་ཉིས་ཨེན་འདུས་ཡོད། དེས་སྐྲའི་མདོག་སྒྱུར་སྐབས་མགོ་ལྤགས་ཀྱི་སྤུ་སྣོད་དང་སྐྱི་ལྤགས་བརྒྱུད་ནས་ཁྲག་གི་འཁོར་རྒྱུག་ཏུ་འཇུག་སྲིད། མཁལ་མ་ནི་ལུས་ཀྱི་དྭངས་སྙིགས་འབྱེད་བྱེད་ཀྱི་དབང་བོ་ཡིན་པས་རྫས་ངན་དེ་རིགས་འདོར་ལེན་བྱ་དགོས་ཚེ་དེའི་ཁུར་བོ་ཇེ་ལྕི་རུ་གཏོང་སྲིད། དུས་ཡུན་རིང་བོའམ་གར་ཚད་མཐོ་བའི་སྐྲ་ཚོས་བསྐུས་ན། ཐད་ཀར་མཁལ་སྦུག་ཆུང་བ་དང་མཁལ་རིལ་ཆུང་བར་གནོད་པ་བཟོ་སྲིད་པས། དེས་གཉན་ཚད་སློང་བ་དང་། མཁལ་མའི་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། ད་དུང་རིམས་ཐར་གཉན་ཚད་འགྱུར་འབྱུང་བསླངས་ཏེ་གྱུར་དུག་རང་བཞིན་གྱི་མཁལ་ཚད་སྐྱེད་སྲིད། དེ་མིན་ཚད་ལྡན་མིན་པའི་སྐྲ་ཚོས་སུ་ཞ་ཉེ་སོགས་ལྕི་བའི་ལྕགས་རིགས་ཡོད་པས་དེ་མཁལ་མ་བརྒྱུད་ནས་བརྗེ་ཚབ་བྱས་ན་མཁལ་མར་གནོད་སྲིད།

ཐེན་ཅིན་གྲོང་ཁྱེར་ཐའེ་ཏ་སྨན་ཁང་པགས་ནད་ཚན་ཁག་གི་སྨན་པ་ཁྲེན་པའོ་ཅང་གིས་བསྟན་དོན། སྐྲའི་མདོག་བསྒྱུར་བའམ་སྐྲ་སུ་ལུ་བཟོ་བ་ཡིས་སྐྲུ་ཤུད་པ་དང་མགོ་ལྤགས་ལ་གཉན་ཚད་རྒྱས་པ། པགས་པར་མི་འཕྲོད་པ་སོགས་བསྐྱེད་སྲིད། མི་ཁ་ཤས་ཀྱིས་སྐྲའི་མདོག་བསྒྱུར་རྗེས་མགོ་ལྤགས་དམར་པོར་འགྱུར་བ་དང་ཟ་འཕྲུག་ལངས་པ་སོགས་ཀྱི་ནད་རྟགས་འབྱུང་ཞིང་། ཐ་ན་ཆུ་སྐྲངས་དང་ཆུ་བུར་སོགས་ཀྱི་ཚོར་ལོག་ཚབས་ཆེན་ཡང་མངོན་སྲིད། རང་བྱུང་རྩི་ཤིང་གི་སྐྲ་ཚོས་ཐོན་རྫས་ལའང་མི་འཕྲོད་པའི་ནད་རྟགས་མངོན་སྲིད་པས། སྨན་ལོག་འབྱུང་སླ་བའི་མི་རྣམས་ཀྱིས་སྐྲའི་མདོག་བསྒྱུར་བར་གཟབ་གཟབ་བྱ་དགོས། སྐྲ་ཚོས་ཀྱིས་སྐྲ་རྐང་དང་མགོ་ལྤགས་ལ་གནོད་ཅིང་། སྤུ་སྣོད་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། འབྱིན་རྔུབ་མ་ལག་ལའང་ཤུགས་རྐྱེན་ཐེབས་སྲིད་པས་སྐྲ་ལ་ཚོས་གཏོང་སྐབས་རླུང་རྒྱུ་བར་བྱ་དགོས།

དེས་ན་མཛེས་བཟོ་དང་བདེ་ཐང་གཉིས་ཀ་དོ་མཉམ་ཡོང་བར་ཇི་ལྟར་བྱ་དགོས་ཤེ་ན། སྨན་པ་ཞི་ཏན་གྱི་གྲོས་གཞི་རུ་ལོ་རེར་སྐྲའི་མདོག་ཐེངས་བཞི་ལས་མ་བསྒྱུར་ན་ལེགས་པར་མ་ཟད། སྐྲའི་མདོག་བསྒྱུར་བ་དང་སྐྲ་སུ་ལུ་བཟོ་བ་གཉིས་དུས་མཉམ་དུ་མི་བྱེད་པར་དེ་གཉིས་ཀྱི་བར་གཟའ་འཁོར་གཉིས་ཡན་འགོར་ན་ལེགས། སྐྲ་ཚོས་ཉོ་སྐབསམེད་པ་གསུམགྱི་ཐོན་རྫས་མི་འདེམ་པ་དང་། ལྷད་མེད་རང་བྱུངདངརྩི་ཤིང་རང་བཞིནགྱི་ཐོན་རྫས་ཡིན་ནའང་ཞོར་སྐྱོན་གཏན་ནས་མེད་པ་ཞིག་མིན། སྐྲའི་མདོག་མ་བསྒྱུར་པའི་སྔོན་དུ་ལུས་པོར་འཕྲོད་མིན་ཚོད་ལྟ་བྱེད་པ་དང་། སྐྲ་ཚོས་སྐུད་སྐབས་མགོ་ལྤགས་ལ་མི་འགོ་བར་བྱ་དགོས། མི་འཕྲོད་པའི་ནད་རྟགས་འབྱུང་སླ་བའི་མི་རྣམས་ཀྱིས་འོ་སྣུམ་མམ་ཧྥན་ཧྲི་ལིན་སྤྱད་ཆོག སྐྲའི་མདོག་བསྒྱུར་རྗེས་མགོ་ལྤགས་ལ་འཕུར་མཉེད་མང་དུ་བྱེད་པ་དང་སྐྲ་གསོ་ཐོན་རྫས་བཀོལ་ན་ལེགས། ཆེད་མཁས་པས་ནན་གྱིས་བསྟན་དོན། མིའི་བདེ་ཐང་ཧ་ཅང་གཙོ་བས་སྐྲའི་མདོག་བསྒྱུར་རྒྱུར་དགའ་མཁན་ཚོས་བཀོལ་ཐེངས་གཅིག་ཅན་གྱི་སྐྲ་ཚོས་སམ་སྐྲ་རྫུན་བཀོལ་ན་ལེགས་པར་བསྟན།

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།