
ཉེ་ཆར། ཧྲིན་ཀྲིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་མ་འོངས་པའི་མཁའ་དབྱིངས་སྨན་
ཁང་གི་མདུན་གྲལ་སྨན་བཅོས་རྣམ་གྲངས5ཚོད་ལྟའི་འཕུར་གྲུར་བསྡད་དེ། ཅིའུ་ཆོན་འཁོར་སྐར་འཕེན་གཏོང་ལྟེ་
གནས་སུ་བདེ་བླག་ངང་མཁའ་དབྱིངས་སུ་འཕེན་གཏོང་བྱས་ཤིང་། མ་འོངས་པའི་ལོ་གསུམ་གྱི་ནང་འཁོར་ཐོག་དངོས་བཤེར(ཚོད་ལྟ)ལེགས་འགྲུབ་བྱེད་དགོས། འདིས་འཛམ་གླིང་གི་ཆེས་ཐོག་མའི་མ་འོངས་པའི་མཁའ་དབྱིངས་སྨན་ཁང་དེ་གཞི་ནས་ལག་བསྟར་བྱེད་པར་གོམ་པ་གལ་ཆེན་སྤོས་པ་མཚོན།
ཧྲིན་ཀྲིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་མ་འོངས་གསོ་རིག་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རིན་དང་ནད་ཐོག་སྨན་བཅོས་གསོ་རིག་སློབ་གླིང་གི་ཡོན་ཀྲང་ཞུས་ཀྲི་མིང་གིས་མཚམས་སྦྱོར་བྱས་པ་ལྟར་ན། མ་འོངས་པར་མཁའ་དབྱིངས་སྨན་ཁང་འཛུགས་སྐྲུན་བྱེད་པར“གོ་རིམ་གསུམ”བརྒྱུད་དགོས་ཏེ། ཐོག་མར་མདུན་གྲལ་སྨན་བཅོས་རྣམ་གྲངས་མཁའ་སྐྱོད་ལས་གྲྭ་ཅན་གྱི་སྒྱུར་བཀོད་བྱེད་པ་བརྒྱུད་གྲུ་གཟིངས་ཡང་བའི་ཟོག་འདྲེན་འཕུར་གྲུ་རུ་འཇོག་རྒྱུ་ཡིན་པ་དང་། དེ་ནས་ཐེངས་འདིའི་འཕེན་གཏོང་བདེ་བླག་ངང་ལེགས་འགྲུབ་དང་འཁོར་ཐོག་དངོས་བཤེར(ཚོད་ལྟ)བྱེད་པ་ནི་གོ་རིམ་དང་པོ་ཡིན། གོ་རིམ་གཉིས་པ་ནི་འཁོར་ཐོག་དངོས་བཤེར(ཚོད་ལྟ)ལེགས་འགྲུབ་བྱུང་རྗེས། མ་འོངས་པའི་མཁའ་དབྱིངས་གསོ་རིག་ས་ཚིགས་འཛུགས་སྐྲུན་བྱས་ཏེ། མཁའ་དབྱིངས་འཕྲལ་བསྟུན་རྣམ་པའི་རོགས་སྐྱོབ་དང་མཁའ་དབྱིངས་ཚན་ཞིབ་ལག་ལེན་བྱེད་དགོས། གོ་རིམ་གསུམ་པ་ནི་ཟླ་བའི་གོ་ལའམ་གོ་ལ་གཞན་དག་ཏུ་མ་འོངས་མཁའ་དབྱིངས་སྨན་ཁང་གི་སྨན་བཅོས་ཁང་བསྐྲུན་ནས་མིའི་རིགས་ཟླ་བའི་གོ་ལར་བསྐྱོད་པ་དང་མཁའ་དབྱིངས་སུ་ཡུལ་སྐོར་བྱེད་པར་བདེ་ཐང་འགན་ལེན་གྱི་འཚོལ་ཞིབ་བྱ་རྒྱུ་དེ་རེད།
འཕྲད་ཚུལ་སྨུག་ཕྱིའི་རྨ་མེད་འོད་བཅོས་དཔྱད་ཆས་ནི་ཐེངས་འདིའི་འཁོར་ཐོག་དངོས་བཤེར(ཚོད་ལྟ)བྱེད་པའི་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ལ། དེ་ནི་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་དང་ཧྲིན་ཀྲིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་མ་འོངས་གསོ་རིག་ལྟེ་གནས་ཀྱི་ཀྲུའུ་རིན་ཀུའུ་ཡེན་གྱིས་ཞིབ་འཇུག་གསར་བཟོ་བྱས། སྒྲིག་ཆས་དེས་ཉི་འོད་ཁྲོད་འཚོ་བཅུདDའདྲེས་གྲུབ་ལ་སྐུལ་འདེད་གཏོང་བའི་ངེས་དམིགས་ཀྱི་རླབས་ཚན་ལ་ལད་ཟློས་བྱེད་ཐུབ་ཅིང་། ལྗིད་ཤུགས་ཕྲ་མོའི་ཁོར་ཡུག་ཏུ་མཁའ་སྐྱོད་པའི་ལུས་པོའི་འཚོ་བཅུདDཡི་ཆུ་ཚད་རྒྱུན་འཁྱོངས་བྱས་ཏེ། ཆད་ནད་དང་རུས་པའི་སྟུག་ཚད་ཤོར་བ་སྔོན་འགོག་བྱེད་ཐུབ།
ཞུས་ཀྲི་མིང་དང་ཀྲུང་གོ་ཚན་རིག་གླིང་ཧྲིན་ཀྲིན་སྔོན་ཐོན་ལག་རྩལ་ཞིབ་འཇུག་ཁང་། རྒྱལ་ཁབ་ནུས་མཐོའི་སྨན་བཅོས་ཡོ་བྱད་གསར་གཏོད་ལྟེ་གནས་ཀྱི་ཞིབ་འཇུག་པ་ཁྲེན་ཀྲི་ཐུང་གཉིས་ཀྱིས་མཉམ་དུ་ཞིབ་འཇུག་གསར་བཟོ་བྱས་པའི་སོས་དཀའ་བའི་རང་བཞིན་གྱི་རྨས་སྐྱོན་གྱེས་རྡུལ་མཉམ་གཟུགས་ཀྱི་ཕྱོགས་བསྡུས་སྨན་བཅོས་དཔྱད་ཆས་ཀྱང་ཐེངས་འདིར་དུས་གཅིག་ཏུ་མཁའ་དབྱིངས་སུ་འཕེན་གཏོང་བྱས་ནས་འཁོར་ཐོག་དངོས་བཤེར(ཚོད་ལྟ)བྱས་ཡོད། སྒྲིག་ཆས་དེས་གྲུང་གཤིས་རིལ་རྡུལ་ཕྱིར་གཏོང་བྱས་པ་བརྒྱུད་ཕུང་གྲུབ་སླར་སྐྱེ་བྱེད་པ་ཇེ་མགྱོགས་སུ་བཏང་བ་དང་། ལྗིད་ཤུགས་ཕྲ་མོས་བསླངས་པའི་རྨ་ཁ་སོས་པ་ཕྱིར་འགྱངས་བྱེད་པ་ལ་གདོང་གཏད་འདུག
ཞུས་ཀྲི་མིང་གིས་བསྟན་དོན། “མ་འོངས་པར། སློབ་གྲྭས་ལྷ་གྲུ་རྟགས་མའི་འཕུར་གྲུ་རྒྱུན་མཐུད་ངང་སྤྱད་དེ་འཁོར་ཐོག་དངོས་བཤེར(ཚོད་ལྟ)བྱས་ནས་མཁའ་དབྱིངས་ས་ཚིགས་དང་ཟླ་བའི་གོ་ལར་བསྐྱོད་པ། སྐར་མ་མིག་དམར་ལ་རྟོག་ཞིབ་བྱེད་པ། མ་འོངས་མཁའ་དབྱིངས་ཡུལ་སྐོར་བྱེད་པ་བཅས་ཡུལ་རྣམ་ཆེ་གྲས་བཞིར་ཞབས་འདེགས་ཞུ་བར་མ་ཟད། མཁའ་དབྱིངས་གསོ་རིག་གི་གྲུབ་འབྲས་དེ་མཁའ་སྐྱོད་ཆེད་སྤྱོད་ནས་དམངས་འཚོར་ནུས་གནང་བྱེད་པའི་ཕྱོགས་ལ་མཆེད་པར་སྐུལ་འདེད་གཏོང་སྲིད།”
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།