
མི་ཞིག་གི་རླུང་ཁྲག་འདང་ངེས་ཡིན་ན། རྒྱུན་དུ་ངོ་མདོག་དམར་ཞིང་ནེམ་པ་དང་། མིག་མདངས་གསལ་ཞིང་
རྣམ་རིག་ལྡན་པ། ཐ་ན་ལུས་ཚིགས་ཀྱང་གྲུང་གཤིས་ལྡན་པ་རེད། འཚོ་བའི་ཁྲོད་དུ་ཁྱོད་ཀྱིས་སྣང་མེད་དུ་བཞག་པའི་གོམས་གཤིས་ཆུང་ཆུང་ཁ་ཤས་ནི་དོན་དངོས་སུ་རླུང་ཁྲག་གསོ་བའི“ཐབས་མཆོག”ཡིན།
གཅིག ཟས་ཞིབ་མོར་ལྡད་ནས་དལ་མོར་མིད་པ།
ཟ་མ་ཟ་སྐབས་མང་ཙམ་ལྡད་ན་མཚེར་བ་དང་ཕོ་བའི་ཁུར་བོ་ཇེ་ཡང་དུ་བཏང་སྟེ། ཟས་རིགས་སྔར་ལས་ལེགས་པའི་སྒོ་ནས་ཆུ་དང་འབྲུ་རིགས་ལ་བསྒྱུར་ཐུབ་པས། རླུང་ཁྲག་འདང་ངེས་ཤིག་ཆགས་པར་རྒྱུ་ཆ་འདོན་སྤྲོད་བྱེད་ཐུབ།
གཉིས། དུས་ལྟར་གཉིད་པ།
དུས་ཡུན་རིང་བོར་མཚན་ཕུད་བྱས་ན་རླུང་ཁྲག་ཟད་གྲོན་ཆེ་བས། ལུས་པོར་གཉིད་འབབ་པའི་བརྡ་རྟགས་བྱུང་བ་དང་བསྟུན་ནས། འདང་ངེས་དང་ཆོས་ཉིད་ལྡན་པའི་ངང་གཉིད་ཁག་ཐེག་བྱེད་པ་ནི། ལུས་ཕུང་ལ“གློག་གསོག་པ”དང་འདྲ་།
གསུམ། སེམས་ཁམས་སྐྱིད་པ།
སེམས་ཁམས་ལས་རླུང་ཁྲག་གི་འཁོར་སྐྱོད་ལ་ཤུགས་རྐྱེན་ཐེབས་སྲིད། སྐབས་འགར་སེམས་ཁམས་མི་སྐྱིད་པ་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་མོད། ང་ཚོས་བསྒྲུབ་དགོས་པ་གང་མགྱོགས་ཀྱིས་ལེགས་སྒྲིག་བྱས་ཏེ་སྤྲོ་སྣང་ལྡན་པའི་སེམས་ཁམས་རྒྱུན་འཁྱོངས་བྱེད་པ་དེ་ཡིན། དུས་ཡུན་རིང་པོར་སེམས་ཁམས་མ་སྐྱིད་ཚེ་མཚེར་བ་དང་ཕོ་བའི་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་ཏེ། རླུང་ཁྲག་སྐྱེ་རྫས་ཀྱིས་མི་འདང་བ་རེད།
བཞི། རྟག་ཏུ་སྐྲ་ཤད་པ།
ཉིན་རེར་སོ་མང་དང་ཡང་ན་མཛུབ་མོས་སྐྲ་ཤད་ན། མགོ་པགས་ཀྱི་ཁྲག་གི་འཁོར་རྒྱུག་ལ་སྐུལ་འདེད་དང་སྐྲ་ལ་གསོ་བཅུད་བྱེད་ཐུབ་པར་མ་ཟད། ད་དུང་གཞུང་རྩ་འཕྲེད་རྩ་གཤོང་བ་དང་གདངས་རླུང་རྒྱུ་ཐུབ་པས། དེ་ནི་སྟབས་བདེ་ལ་ཕན་ནུས་ལྡན་པའི་རྒྱུན་ལྡན་གྱི་བདེ་སྲུང་ཐབས་ལམ་ཞིག་ཡིན།
ལྔ། རྐང་བ་ཆུ་དྲོན་མོར་སྦང་རྒྱུ་རྒྱུན་འཁྱོངས་བྱེད་པ།
རྐང་བ་སྦངས་ན་ཁྲག་རྩ་དྲོད་གཏོང་དང་། རླུང་ཁྲག་འཁོར་རྒྱུག་ལ་སྐུལ་འདེད་བྱེད་ཐུབ་པས། ལུས་གྲང་ལེགས་བཅོས་བྱེད་པའི་ཐབས་ཤེས་བཟང་བོ་ཞིག་ཡིན། ཡུན་རིང་རྒྱུན་འཁྱོངས་བྱས་ན་ཕན་འབྲས་སྔར་བས་བཟང་བ་ཡིན། སྤྱིར་བཏང་དུ་ལུས་ཡོངས་དྲོ་བ་དང་རྔུལ་ཆུ་ཅུང་ཙམ་བཞུར་རག་བར་སྦངས་ན་ཆོག དབུགས་ཟད་གྲོན་མི་འབྱུང་ཆེད་རྔུལ་ཆུ་མང་བོ་བཞུར་དུ་འཇུག་མི་རུང་།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།