

ནང་དོན་གནད་བསྡུས་དང་འབྲེལ་ཡོད་པར་རིས།

【ཅོ་ཀའི་དྲུག་འགྱུར】ནང་དུ་ཚེ་དཔག་རྡོ་རྗེ་ཡིས་བླངས་པའི་གླུ་དབྱངས་སྤྲོ་དགའི་གླུ་གཞས་ཞེས་པ་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་ང་ནི་རྒྱལ་པོ་ཡིན་ཞེས་པའི་རིས་སྒྲུང་ཞིག་དང་མ་ཡུམ་སློབ་གྲྭར་བསྟོད་པའི་བཤད་པ་ཐུང་ངུ་ཞིག ལྷ་མཚོ་སྒྲོལ་མས་བཤད་པའི་ལུ་གུ་ནག་པོ་ཞེས་པའི་གཏམ་རྒྱུད་ཅིག་བཅས་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་གངས་རྒྱན་ན་ཆུང་ཚགས་པར་ལས་བདམས་པའི་ཉེས་འགེལ་ཐེབས་པའི་ཞི་ལ་ཞེས་པའི་རྩོམ་ཐུང་ཞིག་དང་བྱིས་པར་རྩེད་ཆས་ཉོ་དུས་ཕྱོགས་གང་དག་ལ་མཉམ་འཇོག་བྱ་དགོས་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་མཉམ་སྤྱོད་བྱས་ཡོད།

མདོ་འཛིན་པ་དང་རྩོམ་སྒྲིག་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།
