
དམ་པ་རྒྱང་ན་གནས་ན་ཡང་། ། འཁོར་འདབས་ཕན་པས་རིང་ནས་སྐྱོང་། །
མཁའ་ལ་སྤྲིན་ཆེན་འཁྲིགས་པ་ཡིས། ། ས་ཡི་ལོ་ཏོག་ཁྱད་པར་འཕེལ། །
ས་སྐྱ་ལེགས་བཤད་ལས་དྲངས།
【ཅོ་ཀའི་དྲུག་འགྱུར】ནང་དུ་ཨ་མའི་ཨོ་ལོ་ཚན་སྡེབ་ཀྱིས་བླངས་པའི་བྱིས་གླུ《ཨ་ཁུ་སྟག་སྟག》དང་ཨོ་རྒྱན་འཕྲིན་ལས་ཀྱིས་བླངས་པའི་བྱིས་གླུ《གཡུ་ལོའི་རྩེ་ལ》བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་བྱིས་སྒྲུང《ཨ་ཕོ་འབྲུག་གིས་རྭ་གཡར་བ》དང་གནའ་གཏམ《བུ་དབུལ་བོ་དང་ཀླུའི་བུ་མོ》བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་བདེ་ཐང་རྒྱུན་ཤེས་ངོ་སྤྲོད་ལས《མགྱོགས་མྱུར་ངང་སློབ་སྦྱོང་གི་ངལ་དུབ་སེལ་ཐབས་ལྔ》དང་བྱིས་རྩོམ་གྱེར་འདོན་ལས《ཆུ་མིག་སྔོ་ར》བཀོད་སྒྲིག་བྱས་ཡོད།

བྱིས་སྒྲུང《ཨ་ཕོ་འབྲུག་གིས་རྭ་གཡར་བ》ཞེས་པའི་དཔེ་མཚོན་པར་རིས།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་རྒྱམ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།