
སྨྲས་ཤིང་བསྐུལ་བར་གྱུར་པ་ན། ། དུད་འགྲོ་ལ་ཡང་གོ་བ་སྐྱེ། །
མ་བསྐུལ་གཞན་གྱིས་མ་སྨྲས་པར། ། བསམ་པ་ཤེས་ན་མཁས་པ་ཡིན། །
ས་སྐྱ་ལེགས་བཤད་ལས་དྲངས།
【ཅོ་ཀའི་དྲུག་འགྱུར】ནང་དུ་བུ་མོ་མཆོག་གིས་བླངས་པའི་བྱིས་གླུ《གངས་ལྷ་མེ་ཏོག》དང་བསྟན་འཛིན་ཟླ་སྒྲོན་གྱིས་བླངས་པའི་བྱིས་གླུ《བྱམས་བརྩེ་ཡི་འཇིག་རྟེན》བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་གནའ་གཏམ《གསེར་རྫ་མ་གང》དང་བྱིས་སྒྲུང《ཁྱི་དང་བྱི་ལའི་གཏམ་རྒྱུད》བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་རྒྱུན་ཤེས་ངོ་སྤྲོད་ལས《ཐོན་མི་སམ་བྷོ་ཊ》དང་བྱིས་རྩོམ་གྱེར་འདོན་ལས《ཨ་མའི་བརྩེ་བ》བཀོད་སྒྲིག་བྱས་ཡོད།

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ནང་ཞུགས་པའི་ན་ཆུང་གཞས་མ་བུ་མོ་མཆོག
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་རྒྱམ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།