
ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་དུ་ཐོས་པ་དགའ་སྐྱེད་དང་རིག་པའི་སྐར་ཁུང་གི་ཚན་པ་ཆུང་ངུ་གཉིས་བཀོད་སྒྲིག་བྱས་ཡོད།
༡ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན་གྱི་མེས་པོ་ཀྲན་ཐེན་ཡིའུ་ལགས་ཀྱི་ལོ་རྒྱུས་མདོར་བསྡུས་་ངོ་སྤྲོད་དང་གངས་རྒྱན་ན་ཆུང་ཚགས་པར་ལས་བདམས་པའི་བཀྲ་ཤིས་དང་འཛིན་གྲྭ་བཞི་པ་ཞེས་པའི་སློབ་རའི་གཏམ་རྒྱུད་ཅིག སྐྱིད་དཀར་ལྷ་མོས་བཤད་པའི་པགས་བྱིའུ་དང་བྱིའུ་མཐེ་བོང་ཞེས་པའི་ངག་རྒྱུན་གཏམ་རྒྱུད་ཅིག་བཅས་བཀོད་སྒྲིག་བྱས་ཡོད།
༢ རིག་པའི་སྐར་ཁུང་གི་ནང་དུ་ཕུལ་དུ་བྱུང་བའི་ཁྱིམ་གྱི་སློབ་གསོ་ནི་ཕ་མ་ཚོའི་སྐད་ཆའི་སྒྱུ་རྩལ་ལའང་འབྲེལ་བ་དམ་ཟབ་ཡོད་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ལྷ་རྒྱལ་བཀྲ་ཤིས།
ལྟ་སྐུལ་པ། བསོད་ནམས་རིན་ཆེན།
སྤྱིའི་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།