
ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། ། མ་བསྡུས་པར་ཡང་རང་ཉིད་འདུ། །
དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། ། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །
ས་སྐྱ་ལེགས་བཤད་ལས་དྲངས།
【ཅོ་ཀའི་དྲུག་འགྱུར】ནང་དུ་ན་ཆུང་གཞས་མ་བདེ་སྐྱིད་གཡང་འཛོམས་ཀྱིས་བླངས་པའི་བྱིས་གླུ《ཨ་ཁུ་ཉི་མ》དང་གཅོད་པ་སྐྱིད་ཀྱིས་བླངས་པའི་བྱིས་གླུ《སེམས་ཁོང་གི་འབོད་པ》བཀོད་སྒྲིག་བྱས་ཡོད།

ཐེངས་འདིའི་ཅོ་ཀའི་དྲུག་འགྱུར་ཁྲོད་ཀྱི་གཞས་པ་ཆུང་ཆུང་བདེ་སྐྱིད་གཡང་འཛོམས།
【ཐོས་པ་དགའ་སྐྱེད】ནང་དུ་གྲོགས་པོ་ཆུང་ཆུང་ཚེ་རིང་དབང་ཕྱུག་གིས་བཤད་པའི་བྱིས་སྒྲུང《རི་བོང་དང་སྟག་གི་གཏམ་རྒྱུད》དང་གྲོགས་པོ་ཆུང་ཆུང་པདྨ་རྣམ་རྒྱལ་གྱིས་བཤད་པའི་གནའ་གཏམ《ཉི་མ་འབུམ》བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་བདེ་ཐང་རྒྱུན་ཤེས་ལས《བདེ་ཐང་སྐོར་གྱི་ཤེས་བྱ་དགའ》ལས་ཁག་གཉིས་པ་དང་བྱིས་རྩོམ་གྱེར་འདོན་ལས《གྱེས་ཁ་མའི་སྙན་ངག》བཀོད་སྒྲིག་བྱས་ཡོད།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་རྒྱམ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། ནོར་བུ་མཚོ།
ལྟ་སྐུལ་པ། རྟ་མགྲིན་མཚོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།