
འབྲུ་རིགས་བདེ་འཇགས་ནི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན་པ་དང་། རྨོ་ཞིང་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་སྲོག་རྩ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། རྨོ་ཞིང་གི་སྲོག་རྩ་དེ་སྲུང་དགོས་ལ། རྨོ་ཞིང་གང་བྱུང་དུ་བཟུང་སྤྱོད་དང་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་མ་དངུལ་གཏོང་ཚད་དང་བདག་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཏེ། རྨོ་ཞིང་གི་གྲངས་འབོར་ལ་འགན་སྲུང་ཡོད་པ་དང་སྤུས་ཚད་མཐོར་འདེགས་ཡོང་བར་ཁག་ཐེག་བྱ་དགོས། ད་ལོའི་ཚུན་དུ་ས་གནས་སོ་སོས་རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་ནན་མོ་དོན་འཁྱོལ་བྱེད་པར་ཤུགས་བརྒྱབ་པ་དང་། དོ་དམ་སྲུང་སྐྱོབ་བྱེད་ཐབས་རྒྱུན་མཐུད་རིམ་སྤོར་དང་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱས་ནས། རྨོ་ཞིང་ཚུན་རེ་རེ་ལོ་ལེགས་ཀྱི་ས་རྒྱུ་གཤིན་པོར་འགྱུར་ཐུབ་པར་བརྩོན་ལེན་བྱས།
ད་ལོར། རང་རྒྱལ་གྱི་དབྱར་འབྲུ་ལ་གནམ་གཤིས་ངན་པའི་རྒྱུ་རྐྱེན་དུས་རྒྱུན་ལས་མང་བའི་གནས་ཚུལ་འོག་སླར་ཡང་ལོ་ལེགས་བྱུང་ཡོད་པ་མ་ཟད། རྒྱ་མ་ཁྲག་ཁྲིག་གསུམ་ལས་ཐོག་མར་བརྒལ། ལས་སླ་པོར་བྱུང་བ་མིན་པའི་ལོ་ལེགས་ཀྱི་རྒྱབ་ཏུ་ས་གནས་སོ་སོས་རྨོ་ཞིང་སྲུང་སྐྱོབ་དང་སྤུས་ཚད་མཐོ་རུ་གཏོང་བར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་ཁ་འབྲལ་ཐབས་མེད། ཕྱོགས་གཅིག་ནས་ས་རྒོད་བསྐྱར་འདེབས་བེད་སྤྱོད་ལ་སྐུལ་འདེད་བཏང་བ་དང་། ཕྱོགས་གཞན་ཞིག་ནས་དགུན་ཁའི་ཞིང་ལྷག་གསར་སྤེལ་བེད་སྤྱོད་དང་འདེབས་འཛུགས་གྲུབ་ཆ་ཇེ་ལེགས་སུ་གཏོང་གིན་ཡོད་དེ། དབྱར་འབྲུའི་འདེབས་འཛུགས་གཞི་ཁྱོན་བརྟན་པོར་སྲུང་།
རྨོ་ཞིང་སྲུང་སྐྱོབ་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་གནང་བའི་དོན་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཁོང་གིས་ཡང་དང་བསྐྱར་དུ་རྟོག་ཞིབ་བརྟག་ཞིབ་དང་བཞའ་ཚན་ལ་བརྟག་པ། མྱུ་གུའི་གནས་ཚུལ་ལ་ལྟ་བ། ཐོན་འབབ་འདྲི་བ་སོགས་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞིང་ཁར་ལངས་ཏེ་བསམ་བློ་གཏིང་ཟབ་བཏང་། 2013ལོའི་ཟླ12པའི་ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་པོར་བསྟན་དོན“ཞིང་པ་ཞིང་ལས་མིན་པར་བསྒྱུར་ཆོག་མོད། འོན་ཀྱང་རྨོ་ཞིང་ཞིང་ལས་མིན་པར་བསྒྱུར་མི་ཆོག གལ་ཏེ་རྨོ་ཞིང་ཚང་མ་ཞིང་ལས་མིན་པར་གྱུར་ན། ང་ཚོའི་ཟ་མའི་གཞི་རྟེན་མེད་པར་འགྱུར་སྲིད། ལོ་མང་པོའི་རིང་། སྤྱི་ཁྱབ་ཧྲུའུ་ཅིས“རྨོ་ཞིང་སྲུང་བའི་སྲོག་རྩ་འདིར”མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས། སྔ་རྗེས་སུ་དྲོད་ཁང་ཆེན་མོ་གཙང་བཤེར་བཅོས་སྒྲིག་དང་སྒྲིག་འགལ་ངང་སྤྲོ་ཁང་ལས་པ། རྨོ་ཞིང་གང་བྱུང་དུ་བཟུང་སྤྱོད་བྱས་ནས་སྡོད་ཁང་ལས་པ་དང་རྨོ་ཞིང“ཞིང་མིན་ཅན”དུ་གྱུར་བ་བཀག་སྡོམ། “འབྲུ་རིགས་མིན་པ”སྔོན་འགོག་སོགས་ཀྱི་ཐད་བླང་བྱ་བཏོན། རྨོ་ཞིང་སྲུང་སྐྱོབ་ཀྱི་ཐིག་དམར་སྲུང་བ་དང་དུས་མཚུངས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨོ་ཞིང་གི་སྤུས་ཀར་ཡང་བླང་བྱ་སྔར་ལས་མཐོ་བ་བཏོན་ནས། ས་གནས་སུ་རྟོག་ཞིབ་གནང་བར་ཕེབས་སྐབས། ཞིང་ཁར་ཐེངས་མང་བསྐྱོད་དེ། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་རྟོག་ཞིབ་གནང་བ་དང་། “ས་ཞིང་ངེས་པར་དུ་གཤིན་པོ་ཡིན་དགོས་ཤིང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཐོན་ལས་རྒྱུད་འཛུགས་སྐྲུན་བྱེད་པ་དང་། ཞིང་ཁའི་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་པ། ས་ནག་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར། བ་ཚྭའི་ས་ཞིང་རིགས་དབྱེ་བཅོས་བསྒྱུར་བྱེད་པའི”བླང་བྱ་བཏོན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་རྨོ་ཞིང་སྲུང་སྐྱོབ་ཀྱི“གདུང་བཞི་ཀ་བརྒྱད”ཇེ་བརྟན་ནས་ཇེ་བརྟན་དུ་གྱུར་བ་དང་། བཅའ་ཁྲིམས་དང་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་ཏེ། ས་ཞིང་དོ་དམ་བཅའ་ཁྲིམས་དང་ས་ཞིང་དོ་དམ་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག་བཟོ་བཅོས་བྱས་ནས། ས་ནག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དུས་ཐོག་ཏུ་བྱུང་། རྨོ་ཞིང་སྲུང་སྐྱོབ་ཀྱི་དམིགས་འབེན་དཔྱད་ཞིབ་ནན་མོ་བྱས་ནས་རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ་དང་། རྨོ་ཞིང་ཕྱིར་གཏོང་དང་རྨོ་ཞིང་ཁ་གསབ་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་པར་ཚོད་འཛིན་ནན་མོ་བྱས་ཏེ། འཛིན་གསབ་དོ་སྙོམ་གྱི་ལམ་ལུགས་སྲ་བརྟན་དུ་གཏོང་བ་དང་། ཞིང་ཆེན་ཁག་ཅིག་གིས་ད་དུང“ཞིང་དཔོན་ལམ་ལུགས”ཁྱབ་གདལ་བཏང་སྟེ། ས་ཞིང་རེ་རེའི་འགན་འཁྲི་མི་རེར་སྤྲད། ད་ལོར། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ལ། རྨོ་ཞིང་སྲུང་སྐྱོབ་དེ་སྔར་བྱུང་མྱོང་མེད་པའི་མཐོ་ཚད་དུ་སླེབས་ཏེ། ལམ་ལུགས་ནན་ཤོས་དང་ཁྲིམས་སྐྱོང་ནན་ཤོས་ལ་བརྟེན་ནས། ས་ཞིང་ཚུན་གང་ཡང་དོ་དམ་དང་བེད་སྤྱོད་ཡག་པོ་བྱས། རང་རྒྱལ་གྱི་རྨོ་ཞིང་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། རྨོ་ཞིང་མུའུ་ཐེར་འབུམ་གཅིག་དུང་ཕྱུར་བརྒྱད་ཀྱི་ཐིག་དམར་བརྟན་པོར་བསྲུངས་ཡོད།
རྨོ་ཞིང་འགན་ལེན་བྱེད་པར་གྲངས་འབོར་འགན་ལེན་བྱེད་དགོས་པ་མ་ཟད། ད་དུང་སྤུས་ཚད་ཀྱང་མཐོ་རུ་གཏོང་དགོས། ཉེ་བའི་ལོ་ཤས་རིང་། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཚད་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཀྲུང་དབྱང་གི་མ་དངུལ་མུའུ་རེར་ཆ་སྙོམས་སྒོར་སྟོང་གཉིས་ལས་བརྒལ་ནས། འཆར་འགོད་ལྟར། 2030ལོར་སླེབས་སྐབས་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ཞིང་ས་མུའུ་ཐེར་འབུམ་གཅིག་དུང་ཕྱུར་གསུམ་བྱེ་བ་ལྔ་བསྐྲུན་རྒྱུ་རེད། མིག་སྔར། ཀོང་ཏུང་ཧྲའོ་ཀོན་ཆུས་ཅང་ཆུས་ཀྱི་ས་ཁོངས་ཡོངས་ཀྱི་ཞིང་ས་ཕྱོགས་བསྡུས་བཅོས་སྒྲིག་གི་དུས་རིམ་གཉིས་པའི་རྣམ་གྲངས་ལ་འཆར་འགོད་དང་ཇུས་འགོད་མགྱོགས་སུ་གཏོང་བཞིན་ཡོད་པ་དང་། “ཞིང་ཆུང་ཞིང་ཆེན་དུ་བསྒྱུར་བ”བརྒྱུད་དེ། རྨོ་ཞིང་ཐར་ཐོར་ཅན་ཚབས་ཆེན་དུ་གྱུར་པའི་ཆུས་ཅང་དུ། ད་ལྟ་མུའུ5མན་གྱི་རྨོ་ཞིང་ཆུང་གྲས727ཇེ་ཉུང་དུ་ཕྱིན་མོད། འོན་ཀྱང་ཚད་གཞི་མཐོ་བའི་ཞིང་ས་རྒྱ་ཁྱོན་མུའུ་ཆིག་ཁྲི་ཉིས་སྟོང་སུམ་བརྒྱ་བཅུ་ཡས་མས་ཇེ་མང་དུ་ཕྱིན་ཡོད་པ་རེད།
ད་ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོ་ལས“བ་ཚྭའི་ས་ཞིང་ཕྱོགས་བསྡུས་བེད་སྤྱོད་དང་སྐྱུར་འགྱུར་རྨོ་ཞིང་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས”ཞེས་པ་གསལ་བོར་བཏོན་ཡོད། ཉིན་འགའི་སྔོན་ལ། ཅང་ཞི་ཞིང་ཆེན་དབྱི་ཧྥེང་གིས་བཅོས་སྐྱོང་བྱས་པའི་སྐྱུར་འགྱུར་རྨོ་ཞིང་སྟེང་སྔ་སྨིན་འབྲས་བསྡུ་བའི་དུས་ཚིགས་བསུས་པ་དང་། ས་གནས་ཀྱིས་ལོ་གསུམ་གྱི་དུས་ཡུན་སྤྱད་དེ་སྐྱུར་འགྱུར་རྨོ་ཞིང་ས་མུའུ་ཁྲི8ལྷག་བཅོས་སྐྱོང་བྱས། དེ་སྔོན་གྱི“ཐོན་འབབ་དམའ་བའི་སྐྱུར་ཞིང”དེ“ཐོན་འབབ་མཐོ་བའི་གཤིན་ས་རུ་བསྒྱུར་བ་རེད། ཧི་པེའི་ཚང་ཀྲོའུ་ཀྲུང་ཅེ་ཐོན་ལས་གླིང་ཁུལ་གྱི་ཐན་པ་དང་བ་ཚྭའི་གྲོ་ཡི་སོན་བཟང་གསོ་སྤེལ་ཞིང་ནང་དུ་ཞིང་ལས་ལག་རྩལ་ཆེད་མཁས་པ་རྣམས་ཀྱིས་ལོ་རྗེས་མའི་སོན་རིགས་གསར་པ་གསོ་སྐྱོང་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད། ད་ལྟ། དེ་སྔའི་བ་ཚྭ་ཅན་གྱི་ས་ཞིང་ལས་ཐོན་པའི་ཐན་པ་དང་བ་ཚྭ་ཅན་གྱི་གྲོ་ཡི་སོན་རིགས་དེ་ཚང་ཀྲོའུ་དང་། ཐེན་ཅིན་ལྷོ་རྒྱུད། ཧྲན་ཏུང་བྱང་རྒྱུད་སོགས་རྒྱ་ཆེའི་བ་ཚྭ་ཅན་གྱི་ས་ཁུལ་དུ་ཁྱབ་གདལ་བཏང་།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ལས་རྨོ་ཞིང་གི་ཚད་མཐའ་ནན་སྲུང་དང་རྨོ་ཞིང་གི་འགན་སྲུང་ནུས་པ་མུ་མཐུད་དུ་ཆེ་རུ་གཏོང་རྒྱུ་དེ་འབྲུ་རིགས་བདེ་འཇགས་འགན་སྲུང་གི་གོ་གནས་གལ་ཆེན་དུ་འཇོག་དགོས་པ་བསྟན། ད་ལོར་རྒྱལ་ཁབ་ཀྱིས་རྨོ་ཞིང་སྲུང་སྐྱོབ་དང་སྤུས་ཚད་མཐོ་རུ་གཏོང་བའི་ཁྲིམས་འཛུགས་མགྱོགས་སུ་བཏང་ནས། རྨོ་ཞིང་གི་བཀོད་པ་ལེགས་སྒྱུར་དང་སྤུས་ཚད་མཐོ་རུ་གཏོང་བར་མུ་མཐུད་སྐུལ་འདེད་བཏང་། རྨོ་ཞིང་སྲུང་སྐྱོབ་དང་རྒྱལ་ཁོངས་ལྗང་སྒྱུར་གྱི་བར་སྟོང་ཆེད་དོན་འཆར་འགོད་བཟོས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་རྨོ་ཞིང་བར་སྟོང་དང་རྨོ་ཞིང་ཁ་གསབ་བར་སྟོང་དབྱེ་འབྱེད་གཏན་འབེབས་བྱེད་པ་དང་། ཡུན་རིང་གི་གཞི་རྩའི་ས་ཞིང་བཀོད་པ་ལེགས་སྒྱུར་བྱེད་པ། རང་བྱུང་ཐོན་ཁུངས་དོ་དམ་དང་རྒྱལ་ཁོངས་བར་སྟོང་འཆར་འགོད་བརྒྱུད་དེ་དོ་དམ་ཚོད་འཛིན་ནན་མོ་བྱས།