“མཚོ་སྔོན་རོགས་སྐྱོར་གྱི་རྒན་བཀུར་དྲོད་ཁོལ”ཞེས་པའི་ལས་བྲལ་དང་ལས་ཁྱུར་ལས་བྱེད་པ་དང་མཚོ་སྔོན་རོགས་སྐྱོར་ལས་བྱེད་པའི་བཞུགས་མོལ་བརྗེ་རེས་ཀྱི་བྱེད་སྒོ་སྤེལ།
ཁུངས། ཀློག་གྲངས།

​ཟླ11པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་ལས་བྱེད་རྒན་པའི་ཅུས་ཀྱིས“མཚོ་སྔོན་རོགས་སྐྱོར་གྱི་རྒན་བཀུར་དྲོད་ཁོལ”ཞེས་པའི་ལས་བྲལ་དང་ལས་ཁྱུར་ལས་བྱེད་པ་དང་མཚོ་སྔོན་རོགས་སྐྱོར་ལས་བྱེད་པའི་བཞུགས་མོལ་བརྗེ་རེས་ཀྱི་བྱེད་སྒོ་སྤེལ་བ་དང་། མཚོ་སྔོན་རོགས་སྐྱོར་ལས་བྱེད་ཤེས་ལྡན་མི་སྣ་དང་ལས་བྲལ་དང་ལས་ཁྱུར་ལས་བྱེད་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར། རྒན་པའི་ཤེས་ལྡན་མི་སྣ། ལས་བྱེད་པ་རྒན་པའི་དང་བླངས་ཞབས་ཞུའི་རུ་ཁག་སོགས་ཀྱི་འཐུས་མི200ལྷག་ཞུགས་ཡོད།

བཞུགས་མོལ་བརྗེ་རེས་ཁྲོད། ཚོགས་ཞུགས་མི་སྣས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམིགས་ནས།  ཐོག་མའི་བསམ་འདུན་དང་འགན་འཁྲི་ལྷུག་པོར་གླེང་བ་དང་། འགྱུར་བ་མེད་པའི་བརྩེ་འདང་མཉམ་དུ་གླེང་བ། འཕེལ་རྒྱས་ཀྱི་ཇུས་བཟང་མཉམ་དུ་འདོན་པ་བཅས་ཀྱི་ཐད་ནས་བསམ་བློ་བརྗེ་རེས་བྱས། བློ་མཐུན་རྒན་པའི་འཐུས་མིས་ཁྲིམས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་བྱེད་པ་དང་ཚན་རྩལ་ལ་བརྟེན་ནས་ཞིང་སྐྱོར་ཕྱུག་འགྱུར་ཡོང་བ། མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་ཐད་ནས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་པས། ལས་བྲལ་དང་ལས་ཁྱུར་ལས་བྱེད་པའི“ལས་ཁྱུར་བྱས་ཀྱང་རང་མདངས་མི་འགྱུར་བ་དང་ལྷག་བསམ་གྱིས་ཐོག་མའི་བསམ་འདུན་བསྐྱེད་པའིིིི”སྙིང་སྟོབས་མངོན་པ་རེད། མཚོ་སྔོན་རོགས་སྐྱོར་ལས་བྱེད་པའི་འཐུས་མིས་བློ་མཐུན་རྒན་པའི་མཐོ་སྒང་དུ་རྩ་བ་ཚུགས་པའི་བརྟན་སྲུང་དང་ཕངས་མེད་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས།  འབད་འཐབ་དང་འགན་འཁྲི་འཁུར་དུ་འཁྱེར་བའི་བྱེད་ཕྱོགས་ཀྱི་རྒྱུན་སྐྱོང་དགོས་ཞེས་བསྟན།

བྱེད་སྒོའི་ཡུལ་དངོས་སུ་ད་དུང་སྤྱི་ཕན་སྨན་བཅོས་བྱེད་ས་དང་ཡིག་གཟུགས་རིས་འགྲེམ། ལག་ཤེས་བཟོ་རྩལ་མཉམ་འགུལ་བྱེད་ས་བཅས་བཙུགས་ཡོད། ཚོགས་ཞུགས་མི་སྣས་ཡིག་རིས་དང་རྩོམ་ཡིག་ལ་བརྟེན་ནས་མཛའ་མཐུན་གྱི་རྣམ་པ་མཚོན་པར་བྱས་ཤིང་། བློ་མཐུན་རྒན་པ་ཚོའི་ཞིང་ཆེན་གྱི་གནས་ཚུལ་དང་དམངས་འདུན་ལ་རྒྱུས་མངའ་ཡོད་པའི་ཉམས་མྱོང་གི་དགེ་མཚན་དང་མཚོ་སྔོན་རོགས་སྐྱོར་ལས་བྱེད་པའི་མཐོང་རྒྱ་ཡངས་པའི་འདུ་ཤེས་ཀྱི་དགེ་མཚན་ལེགས་པར་སྤྱད་དེ། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བཏང་ནས“རྒན་པ་དང་མཚོ་སྔོན་རོགས་སྐྱོར་ཟུང་འབྲེལ”གྱི་དང་བླངས་ཞབས་ཞུའི་ཟོང་རྟགས་ནུས་ཤུགས་ཡོད་རྒུས་མངོན་པར་བྱས།