
ཡུལ་དངོས་སུ་མཚོ་སྔོན་སློབ་ཆེན་ནགས་རྩྭའི་སློབ་གླིང་གི་དགེ་རྒན་ཆེན་མོས་མེ་རི་གཏེར་ཁུལ་གྱི་སྐྱེ་ཁམས་སླར་གསོའི་ལག་རྩལ་དང་ལས་གཞིའི་ལག་ལེན། རྗེས་མཐུད་ཀྱི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་དམིགས་ཏེ་བརྗོད་དོན་གཙོ་བོ་མཉམ་སྤྱོད་བྱས་ཤིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གི་ཆེད་མཁས་པས《འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་མྱ་ངམ་ཐང་གི་སྐྱེ་ཁམས་སྲུང་རགས་སྲ་བརྟན་དུ་གཏོང་བ》ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་སྙན་ཞུ་གནང་བ་དང་། མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་གྱི་འཆད་ཁྲིད་དགེ་རྒན་གྱིས་གཞུང་ལུགས་ཀྱི་ཐད་ནས་སྐྱེ་ཁམས་ཤེས་དཔལ་གྱི་ནང་དོན་ལ་གསལ་འགྲེལ་བྱས་ཤིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ལྟེ་གནས་ཀྱི་འགན་འཁུར་བས་གཞོན་ནུ་ལོ་ཆུང་གི་ཁོར་ཡུག་སློབ་གསོའི་སློབ་ཁྲིད་དང་། དམ་བུ་སྟོང་པ་བརྗེ་སྒྱུར། མཚོ་བོད་ལམ་ཐིག་གི་ཡུལ་སྐོར་བས་གད་སྙིགས་ཁུག་མ་གང་འཁྱེར་བ་སོགས་དམངས་ཁྲོད་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ལག་ལེན་ངོ་སྤྲོད་བྱས།
“རྒྱུན་འཛིིན་དང་སྲུང་སྐྱོང་གླེང་མོལ”གྱི་བརྒྱུད་རིམ་དུ། ཚན་རིག་ཞིབ་འཇུག་ཆེད་མཁས་པ་དང་གཞི་རིམ་ནགས་ལས་དོ་དམ་སྲུང་སྐྱོང་བ་འཐུས་མི་སོགས་ཀྱིས་རང་རང་གི་བསམ་ཚུལ་ལྷུག་བརྗོད་བྱས། ཕྱོགས་མང་པོའི་གླེང་མོལ་དང་སྤེལ་རེས་བྱས་པ་བརྒྱུད། ལྟ་ཕྱོགས་མི་འདྲ་བའི་ཉམས་མྱོང་དང་བསམ་གཞིགས་གཅིག་ཏུ་བསྡུས་ཤིང་སྐྱེ་ཁམས་སྲུང་སྐྱོང་གི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ནས། ཕྱོགས་མང་མཐུན་སྦྱོར་དང་ཐུན་མོང་གིས་མཐོ་སྒང་གི་སྐྱེ་ཁམས་ཁྱིམ་གཞིས་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཤིག་གྲུབ་ཡོད།