
ད་ལོའི་འབབ་ཞོད་ཆེ་བའི་སྐབས་སུ། ཆར་བ་བབས་པ་གཅིག་འདུས་དང་། ས་ཁུལ་ཁ་ཤས་སུ་ཆར་བ་འབབ་ཚད་དྲགས་པ། ཆུ་ལོག་ས་གཤིས་ཉེན་ཁ་བསྣོལ་ཞིང་བརྩེགས་མར་བྱུང་བའི་གནས་བབ་ཛ་དྲག་ལ་བརྟེན་ནས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་མཐོ་སྒང་ཆུ་ལོག་སྔོན་འགོག་གི་བྱ་བ་དངོས་ལ་རྐང་བཙུགས་ནས། ཞིང་ཆེན་ཡོངས་ཀྱི1235ཆུ་ལོག་སྔོན་འགོག་བྱ་བའི་རྐྱེན་སྲོལ་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཆུ་ལོག་སྔོན་འགོག་བཀོད་གཏོང་ཐད་གསལ་བོར་འདྲི་བ་དྲུག་གི་གསལ་ཐོའི་ལས་སྒྲུབ་ཐབས་ལམ་གསར་གཏོད་སྐུལ་སྤེལ་བྱས་ཤིང་། རྐྱེན་སྲོལ་གསར་སྒྱུར་གྱིས་དཀའ་གནད་སེལ་བ་དང་། བཀག་སྡོམ་དོ་དམ་གྱིས་འགན་འཁྲི་དངོས་འབེབས་དང་། གནད་འཁེལ་བཀོད་གཏོང་གིས་མཐའ་ཚད་སྲུང་སྟེ། དངོས་འཐབ་ཅན་དང་། ཚད་གཞི་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ལོག་སྔོན་འགོག་བཀོད་འདོམས་མ་ལག་སྒྲིག་འཛུགས་བྱས།
ཆུ་ལོག་སྔོན་འགོག་གི་དངོས་འཐབ་གནད་འགག་གོ་རིམ་ལ་དམིགས་ནས། ཞིབ་ཕྲའི་སྒོ་ནས་གཅིག་ནས་འགན་འཁྲི་ལས་གནས་ཐོག་ཡོད་མེད་འདྲི་བ་དང་། གཉིས་ནས་ཆར་པ་འབབ་ཚུལ་དང་ཆུ་ལོག་གནས་ཚུལ་འདྲི་བ། གསུམ་ནས་ཉེན་བརྡ་དོན་ཐོག་ཏུ་འཁྱོལ་ཡོད་མེད་འདྲི་བ། བཞི་ནས་མངོན་མེད་རྐྱེན་ངན་ལ་དོ་དམ་ཚོད་འཛིན་བྱས་ཡོད་མེད་འདྲི་བ། ལྔ་ནས་དངོས་ཟོག་གྲ་སྒྲིག་བྱས་ཡོད་མེད་འདྲི་བ། དྲུག་ནས་ཉེན་གཡོལ་གནས་སྤོ་བྱས་ཡོད་མེད་འདྲི་བ་བཅས་འགྱུར་མེད་གསལ་ཐོ་དྲུག་གྲུབ་པར་བྱས་ཏེ། རྩ་བ་ནས་སྲོལ་རྒྱུན་གྱི་རགས་ལས་ཐབས་ཟད་ཀྱི་བཀོད་གཏོང་བྱེད་སྟངས་དོར་བ་དང་། ཆུ་ལོག་སྔོན་འགོག་བྱ་བ་དེ་གཞན་དབང་ནས་རང་འགུལ་གྱིས་སྔོན་དཔག་ཐུབ་པར་སྐུལ་འདེད་བཏང་ནས། སྤྱི་ཁོག་བཀོད་སྒྲིག་ནས་གནད་འཁེལ་རྩད་གཅོད་དུ་ཁྱོན་ཡོངས་ནས་ལེགས་སྒྱུར་བྱས། དུས་མཉམ་དུ། རྫོང་དང་ཞང་། སྡེ་བ་བཅས་རིམ་པ་གསུམ་དུ་ཆུ་ལོག་སྔོན་འགོག་འགན་དབང་དབྱེ་འབྱེད་གསལ་བོ་བྱས་ནས། རྫོང་རིམ་པས་སྤྱི་འདོམས་དང་། ཞང་དང་གྲོང་རྡལ་གྱིས་མྱུར་སྒྲུབ། སྡེ་བ་རིམ་པས་སྔོན་སྒྲུབ་བྱེད་པའི་རིམ་དགར་འགོག་སྡོམ་རྣམ་པ་བཙུགས་ཏེ། ཆུ་ལོག་གནས་ཚུལ་བཀོད་གཏོང་དེ་ཡོངས་ཁྱབ་དང་། ལོང་ཁུལ་མེད་པ། ཁུངས་འདེད་ཐུབ་པ་བཅས་མངོན་འགྱུར་བྱས།
གཞི་རིམ་གྱི་ཁུར་བོ་ཇེ་ཡང་དང་དངོས་འཐབ་ཕན་སྐྱེད་ལ་དམིགས་ནས། མཚོ་བྱང་ཁུལ་གྱིས་གསལ་བོར་འདྲི་བ་དྲུག་གི་གསལ་ཐོ་དེ་ཕྱོགས་ཡོངས་ནས་ཆུ་ལོག་སྐབས་ཀྱི་ལས་རེས་དང་། བཀོད་འདོམས་བཀོད་གཏོང་། འཕྲལ་བསྟུན་དང་ལེན་བྱེད་པའི་བརྒྱུད་རིམ་ཡོངས་སུ་ཁྱབ་ཏུ་བཅུག་སྟེ། རྒྱུན་རྣམ་ཅན་གྱི་སྒོ་ནས་མི་བྱེད་པ་བཞི་དང་ཐད་ཀར་གཉིས་དང་། གནས་གཏད་གནས་སུ་ཐད་ཀར་བཀོད་གཏོང་བྱེད་པའི་རྣམ་པར་སྐུལ་སྤེལ་བྱས། གསལ་ཐོ་ཅན་གྱི་འགྱུར་མེད་བཀོད་གཏོང་བརྒྱུད་ནས། ཕན་ནུས་ཆེ་བའི་སྒོ་ནས་སྙན་ཞུ་བསྐྱར་བསྐུར་དང་། ཞིབ་བཤེར་རིམ་བརྒྱུད། ཡིག་ཚོགས་མང་བ་སོགས་ཀྱི་གནད་དོན་གཏན་འགོག་བྱས་ཏེ། ཏན་ཏིག་གིས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་བཏང་ཞིང་། རྒྱ་ཆེའི་ལས་བྱེད་རྣམས་ཀྱིས་ཡུལ་དངོས་དང་པོར་བསྐྱོད་པ་དང་། ལས་སྒོ་གཙོ་བོ་ལེགས་སྒྲུབ་བྱེད་པར་སྣེ་ཁྲིད་དེ། སྟོབས་ཤུགས་གཅིག་བསྡུས་ཀྱིས་མངོན་མེད་ལེབ་བཤེར་དང་། ཆར་ཚུལ་ལྟ་ཞིབ། ཉེན་ཁའི་གནས་ཚུལ་ཐག་གཅོད། མང་ཚོགས་གནས་སྤོ་སོགས་ཀྱི་གཙོ་སྙིང་བྱ་བ་སྤེལ་ནས། གཞི་རིམ་ཆུ་ལོག་སྔོན་འགོག་གི་འགན་སྒྲུབ་ཕན་ནུས་ཚད་ཆེན་པོས་མཐོར་འདེགས་བྱས།