

བོད་ཀྱི་ཡིག་གཟུགས་ཀྱིས་ལྟ་མོ་བ་མང་བོའི་ཡིད་དབང་བཀུགས།
ཟླ7པའི་ཚེས24ཉིན། རྒྱལ་ཡོངས་དཔེ་དེབ་ཉོ་ཚོང་འགྲེམ་སྟོན་ཚོགས་འདུ་ཀྲེ་ཅང་ཧང་ཀྲོའུ་རུ་ཚོགས་འགོ་བརྩམས། མཚོ་སྔོན་ཞིང་ཆེན་གསར་འགྱུར་པར་སྐྲུན་ཅུས་ཀྱིས་སྣེ་ཁྲིད་དེ། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་དཔེ་སྐྲུན་ཁང་སྨྱན་བྱེད་སྡེ་ཚོགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་སོགས་ལས་ཁུངས་ལྔ་ཡིས་གྲུབ་པའི་མཚོ་སྔོན་འགྲེམ་ཚོགས་འགྲེམ་སྟོན་ལ་ཞུགས་ཏེ། གཅིག་བསྡུས་སྒོས་མཚོ་སྔོན་གྱིས་པར་སྐྲུན་བྱས་པའི་སྤུས་ལེགས་དཔེ་དེབ་དང་ཁྱད་ལྡན་རིག་གནས་གསར་གཏོད། མི་རིགས་རིག་གནས་ཀྱི་གྲུབ་འབྲས་བཅས་འགྲེམ་སྟོན་བྱས།
ཐེངས་འདིར་མཚོ་སྔོན་འགྲེམ་སྟོན་ཚོགས་པས་མཚོ་སྔོན་གྱིས་པར་སྐྲུན་བྱས་པའི་དཔེ་དེབ་རིགས378དང་། མཚོ་སྔོན་གྱི་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་རིགས200ལྷག་ཧྲག་སྒྲུག་བྱས་ཏེ་འགྲེམ་སྟོན་བྱས། འགྲེམ་སྟོན་ཐོན་རྫས་ཁྲོད། ཀྲུང་གོའི་དཔེ་སྐྲུན་སྲིད་གཞུང་བྱ་དགའ་ཐོབ་པའི《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་རྩོམ་ཕྱོགས་བསྡུས》དང་། “ཀྲུང་གོའི་དཔེ་དེབ་ལེགས་ཤོས”ཁྲོད་བདམས་པའི《ཨ་ཆེན་གངས་རྒྱབ》སོགས་བརྩམས་ཆོས་གྲགས་ཅན་དག་གིས། མཚོ་སྔོན་དཔེ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱས།
འགྲེམ་ཚོགས་སྐབས་སུ། མཚོ་སྔོན་འགྲེམ་སྟོན་ཚོགས་པས་སྤེལ་བའི《མདོ་ལ་རིང་མོའི་གཏམ་རྒྱུད》ཀྱི་དེབ་གསར་འགྲེམ་སྤེལ་མཛད་སྒོ་དང་། 《རེབ་གོང་རིག་གནས་ཀུན་འདུས》དཔེ་ཀློག་མཉམ་སྤྱོད་ཚོགས་འདུ་སོགས་ཁྱད་ལྡན་དཔེ་ཀློག་བྱེད་སྒོ་སྤེལ། བོད་ཡིག་གི་ཡིག་གཟུགས་འགྲེམ་སྟོན་གྱིས་ལྟད་མོ་བ་མང་པོའི་ཡིད་དབང་བཀུག ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བརྐོས་རིས་དང་མཚོ་སྔོན་གཙགས་དྲུབ། ཐང་ག ཡིག་རིས། ཤོག་དྲས། ལག་ཤེས་བཟོ་རྩལ་བཅས་རིགས་ཆེན་པོ་དྲུག་གི་ཕུལ་བྱུང་བརྩམས་ཆོས་འགྲེམ་སྟོན་བྱས་ཏེ། མཚོ་སྔོན་ས་ཁུལ་གྱི་མི་ཚུལ་རིག་གནས་དང་དབང་པོ་སྐྱོན་ཅན་རྣམས་ཀྱི་རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་མངོན་པར་བྱས་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།