
ཟླ7པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་འབྱོར་བའི་གནས་ཚུལ་ལྟར་ན། ད་ལོའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ཚོང་དོན་སྡེ་ཁག་གིས་འཛད་སྤྱོད་ལ་སྐུལ་བའི་ཆེད་དོན་འགུལ་སྐྱོད་སྤེལ་ཏེ། ཚོང་རྫས་འཛད་སྤྱོད་རིམ་སྤར་དང་ཞབས་ཕྱིའི་འཛད་སྤྱོད་རྒྱ་བསྐྱེད། ལས་རྣམ་ལྗོངས་རྣམ་ཕུན་སུམ་ཇེ་ཚོགས། འཛད་སྤྱོད་ཁོར་ཡུག་ལེགས་སྒྱུར་སོགས་ཀྱི་ལས་འགན་གཙོ་བོར་དམིགས་ནས། ཐབས་མང་མཉམ་སྤྱོད་སྒོས་འཛད་སྤྱོད་ཀྱི་བག་ཤུགས་གློད་པ་དང་། འཛད་སྤྱོད་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་ཁྲོམ་རས་གནོན་ཤུགས་ཐེག་ནས་མདུན་སྐྱོད་དང་བརྟན་ཐོག་ལེགས་འཕེལ་བྱུང་། ཟླ་དང་པོ་ནས་ཟླ6པའི་བར། ཞིང་ཆེན་ཡོངས་སུ་སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་ཀྱི་སིལ་འཚོང་སྤྱི་འབོར་སྒོར་ཐེར་ཆེན་བཞི་ཐེར་འབུམ་བདུན་དུང་ཕྱུར་དྲུག་བྱེ་བ་གཉིས་ས་ཡ་ལྔ་མངོན་འགྱུར་བྱུང་བ་དང་། ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་གཅིག་གྲངས་ཆུང་གསུམ་འཕར། འཕར་ཚད་རྒྱལ་ཡོངས་དང་འགྲོས་མཉམ་ཞིང་། རྒྱལ་ཡོངས་ཀྱི་ཨང15ར་གནས་ལ་ནུབ་བྱང་ཞིང་ལྗོངས་ལྔའི་དང་པོར་གནས།
ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་དུ་འཕར་སྣོན་མངོན་འགྱུར་བྱུང་ཞིང་། ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་བརྒལ་ཞིང་། སོ་སོར་བརྒྱ་ཆའི་གཅིག་གྲངས་ཆུང་ལྔ་དང་བརྒྱ་ཆའི་གཅིག་གྲངས་ཆུང་བཞི་འཕར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ཤར་གྲོང་ཁྱེར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སོགས་སུ་སོ་སོར་བརྒྱ་ཆའི་གཅིག་གྲངས་ཆུང་གཉིས་དང་། བརྒྱ་ཆའི་གཅིག་གྲངས་ཆུང་གཉིས། བརྒྱ་ཆའི་ཐིག་གྲངས་ཆུང་དགུ བརྒྱ་ཆའི་ཐིག་གྲངས་ཆུང་དགུ བརྒྱ་ཆའི་ཐིག་གྲངས་ཆུང་བརྒྱད། བརྒྱ་ཆའི་ཐིག་གྲངས་ཆུང་བདུན་བཅས་འཕར།
བཅད་གྲངས་ཡན་གྱི་སྡེབ་འཚོང་དང་སིལ་འཚོང་ལས་རིགས་ཁེ་ལས་ཀྱི་ཚོང་རྫས་ རིགས19ཡི་སིལ་འཚོང་ཁྲོད། རིགས16འཕར་སྣོན་བྱུང་ཞིང་། འཕར་ཚད་ཀྱི་བསྡུར་ཚད་བརྒྱ་ཆའི་བརྒྱད་ཅུ་ལས་བརྒལ། ཉིན་མཁོའི་དངོས་རྫས་དང་དུ་ཆང་། བཏུང་ཆུ་སོགས་གཞི་རྩའི་འཚོ་བའི་རིགས་ཀྱི་ཚོང་རྫས་སིལ་འཚོང་བསྡོམས་འབོར་འཕར་ཚད་ཅུང་མཐོ་ཞིང་། སོ་སོར་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་གྱ་གཅིག་གྲངས་ཆུང་བརྒྱད་དང་། བརྒྱ་ཆའི་སོ་དགུ་གྲངས་ཆུང་བརྒྱད། བརྒྱ་ཆའི་ཉི་ཤུ་གྲངས་ཆུང་བདུན་བཅས་འཕར་ཡོད། རིག་གནས་གཞུང་སྒྲུབ་མཁོ་ཆས་དང་ལུས་རྩལ་རོལ་རྩེད་མཁོ་ཆས། གསེར་དངུལ་རིན་པོ་ཆེ་སོགས་རིམ་སྤར་རིགས་ཀྱི་ཚོང་རྫས་འཕར་ཚད་ཅུང་ལེགས་ཤིང་། སིལ་འཚོང་འབོར་གྲངས་སོ་སོར་ལྡབ་གཅིག་གྲངས་ཆུང་གཉིས་དང་བརྒྱ་ཆའི་དགུ་བཅུ་གྲངས་ཆུང་བཞི། བརྒྱ་ཆའི་སོ་གཅིག་བཅས་འཕར་ཡོད།
བཅད་གྲངས་ཡན་གྱི་སྡེབ་འཚོང་སིལ་འཚོང་ཁེ་ལས་ཀྱི་འདོགས་ཆོག་པའི་རིག་ནུས་སྒྲིག་ཆས་རིགས་ཀྱི་ཚོང་རྫས་སིལ་འཚོང་འབོར་གྲངས་ན་ནིང་གི་དུས་མཉམ་ལས་ལྡབ་བཅུ་གསུམ་གྲངས་ཆུང་དགུ་འཕར་ཡོད། རིག་ནུས་ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་བྱད་རྒྱུ་ཆ་རིགས་ཀྱི་ཚོང་རྫས་སིལ་འཚོང་འབོར་གྲངས་བརྒྱ་ཆའི་བཅུ་གསུམ་གྲངས་ཆུང་བདུན་འཕར་བ་དང་། རིག་ནུས་ཁ་པར་གྱི་སིལ་འཚོང་འབོར་གྲངས་བརྒྱ་ཆའི་སོ་དགུ་གྲངས་ཆུང་གཅིག་འཕར།
ཞིང་ཆེན་ཡོངས་ཀྱི་བཅད་གྲངས་ཡན་གྱི་སྡེབ་འཚོང་དང་སིལ་འཚོང་ལས་རིགས་ཀྱི་ཁེ་ལས་ཀྱིས་སྤྱི་པའི་དྲ་བ་བརྒྱུད་དེ་མངོན་འགྱུར་བྱུང་བའི་སིལ་འཚོང་བསྡོམས་འབོར་ལྡབ་གཅིག་གྲངས་ཆུང་གཅིག་འཕར། བཅར་གྲངས་ཡན་གྱི་སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་ཀྱི་སིལ་འཚོང་བསྡོམས་འབོར་བརྒྱ་ཆའི་གྲངས་གནས་བཞི་གྲངས་ཆུང་བདུན་སྐུལ་ཁྲིད་བྱས་ཏེ། འཕར་ཚད་བརྟན་པོ་ཡིན་པའི་འདེགས་སྐྱོར་གལ་ཆེན་ཡིན། བཅད་གྲངས་ཡན་གྱི་ཞག་སྡོད་བཟའ་བཏུང་ཁེ་ལས་ཀྱིས་སྤྱི་པའི་དྲ་བ་བརྒྱུད་དེ་མངོན་འགྱུར་བྱུང་བའི་བཟའ་བཏུང་རིན་ཡོན་གྱི་ཡོང་འབབ་བརྒྱ་ཆའི་སོ་གསུམ་གྲངས་ཆུང་ལྔ་འཕར།
ཞིང་ཆེན་ཡོངས་ཀྱི་ཚོང་དོན་སྡེ་ཁག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཚོགས་ཆེན་གྱི་བྱ་བའི་བླང་བྱ་དོན་འཁྱོལ་ཞིབ་མོ་བྱས་ཏེ། ཞན་ཆར་གནད་འཁེལ་ཇུས་བསྟར་དང་གནད་འཁེལ་མཁྲེགས་གཏོར་བྱེད་པ་དང་། ཚོང་ཟོག་འབོར་ཆེན་གྱི་འཛད་སྤྱོད་དང་དྲ་ལམ་གྱི་འཛད་སྤྱོད་རྒྱ་བསྐྱེད། དངུལ་རྩའི་ནུས་སྩོལ་ཇེ་དྲག གཤམ་སྐྱོད་ཁྲོམ་ར་སྐུལ་སློང་སོགས་གཙོ་རྒོལ་ཁ་ཕྱོགས་ཆེན་པོ་བཞིར་དམིགས་ནས། ཞིང་ཆེན་རིམ་པའི་བྱ་དགའ་ཡོད་པའི་འཛིན་བྱང་གི་ཚོད་ལྟ་དང་། རླངས་འཁོར་གསར་ཉོ་ཁ་གསབ། ཁྱིམ་གློག་ཐོན་རྫས་གསར་ཉོ། དྲ་ལམ་འཛད་སྤྱོད་མཐོར་འདེགས། སྣུམ་རྫས་རིགས་ཀྱི་གཟིགས་སྐྱོང་ཁེ་སྩོལ། རང་བྱུང་སོལ་རླངས་སྣོན་པའི་མ་གཅོག་ཕན་སྐྱེད། དུས་རིམ་དགར་ནས་འཛད་སྤྱོད་དམངས་ཕན། གཤམ་སྐྱོད་ཁྲོམ་ར་སྐུལ་སློང་བཅས་འཛད་སྤྱོད་ལ་སྐུལ་བའི་རྣམ་གྲངས་བརྒྱད་ཀྱི་ཆེད་དོན་འགུལ་སྐྱོད་སྤེལ་ནས། ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་ཁྱོན་ཆེན་པོ་ཇེ་བརྟན་དུ་བཏང་།