

ལུའོ་ཕེ་སི་ཡིས་འགྲན་རིམ་གྱི་ཨང་དང་པོ་བླངས།
ཟླ7པའི་ཚེས14ཉིན། 2026ལོའི་སྐབས་ཉེར་ལྔ་པའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་རྒྱུག་འགྲན་གྱི་འགྲན་རིམ་བཞི་བའི་ཧུའུ་ཀྲུའུ་ནས་ཁྲི་ཀ་བར་གྱི་འགྲན་བསྡུར་ཁྲོད། དུས་ཡུན་རིང་པོའི་གྱེན་ལམ་དང་ཐུར་ལམ་གྱི་ཛ་དྲག་གི་འགྲན་བསྡུར་བརྒྱུད་མཐར། དབྱི་ཐ་ལིའི་སི་ཡིའུ་ཐའེ-རི་པང-ལ་ལི་རླངས་འཁོར་རུ་ཁག་གི་ཨ་པུའུ་ན·ཧྲིན་དི་ཡ་ཀི·ཝུན་པ་ལུའོ་ཕེ་སིས་ཤུགས་ཆེན་པོའི་གདོང་མཆོང་ལ་བརྟེན་ནས་འགྲན་རིམ་བཞི་བའི་ཨང་དང་པོ་བླངས་པ་རེད།