
ཟླ6པའི་ཚེས16ཉིན་གྱི་སྔ་དྲོར། ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གི་སྡེ་ཚོགས་ཨུ་ལྷན་དང་མཉམ་འབྲེལ་བྱས་ཏེ། “དཔེ་དེབ་རྙིང་པ་ལྗང་མདོག་གི་སྐྱེ་དངོས་ལ་བརྗེས་ནས་ལྷད་མེད་ཀྱི་འཚོ་བ་གསལ་སྟོན་བྱེད་པའི”བེད་མེད་དཔེ་དེབ་ལྗང་མདོག་སྐྱེ་དངོས་ལ་བརྗེ་བའི་བྱེད་སྒོ་སྤེལ།
2026ལོའི་ཞིང་ཆེན་ཡོངས་ཀྱི་སྤྱི་པའི་སྒྲིག་གཞིའི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གཏོང་དྲིལ་སྒྲོག་གཟའ་འཁོར་གྱི་དྲ་ལམ་མ་ཡིན་པའི་བྱེད་སྒོ་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ད་ཐེངས་ཀྱི་བྱེད་སྒོ་འདིས། རྒྱལ་ཡོངས་ཀྱི་ནུས་ཁུངས་གྲོན་ཆུང་དྲིལ་སྒྲོག་གཟའ་འཁོར་གྱི“ནུས་ཁུངས་གྲོན་ཆུང་གི་འགོ་རྩོམ་ས་གསར་པ་དང་ཐཱན་ཉུང་གི་མ་འོངས་པའི་ཕྱོགས་སུ་ཆས་པ”དང་རྒྱལ་ཡོངས་ཀྱི་ཐཱན་ཉུང་ཉིན་མོའི“ལྗང་མདོག་ཚུལ་སྒྱུར་དང་དམངས་ཡོངས་མཉམ་སྐྱོད”ཅེས་པའི་བརྗོད་དོན་དང་དམ་པོར་འབྲེལ་ནས། བེད་མེད་དུ་ལུས་པའི་དཔེ་དེབ་ཐོན་ཁུངས་ཅན་དུ་ཚུར་བསྡུ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ལས་བྱེད་པ་དང་ལས་བཟོ་པར་ཐོན་ཁུངས་གྲོན་ཆུང་དང་ཐོན་ཁུངས་རེས་མོས་ཀྱིས་བཀོལ་སྤྱོད་བྱེད་པའི་འདུ་ཤེས་གྲུབ་པར་སྣེ་སྟོན་བྱས།
བྱེད་སྒོ་སྤེལ་ཡུལ་དུ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་ལས་བྱེད་པ་དང་ལས་བཟོ་པ་འབད་པས་ཞུགས་ནས། ཁྱིམ་དུ་བེད་མེད་དུ་ལུས་པའི་སློབ་གྲྭ་ཆུང་འབྲིང་སློབ་མའི་སློབ་ཕྱིའི་ཀློག་དེབ་མ་དངུལ་ལ་བརྗེ་སར་གཅིག་རྗེས་གཉིས་མཐུད་ངང་ཐོན་ཡོད། དཔེ་དེབ་རྙིང་པ་རེ་རེ་ཡིས་ཤེས་བྱ་རེ་རེ་མངལ་དུ་སྦྲུམ་ཡོད་ཅིང་། སྔོ་ལྗང་གི་རྩི་ཤིང་རེ་རེ་ཡིས་ཐཱན་ཉུང་དར་སྲོལ་གསར་པ་བརྒྱུད་སྤྲོད་བྱས་པར་བརྟེན། ཚང་མས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་ལ་རྒྱབ་སྐྱོར་བྱས་ཏེ། བེད་མེད་དུ་ལུས་པའི་དཔེ་དེབ་ལ་སླར་ཡང་གསོན་ཐབས་གསར་པ་བྱིན།
ད་ཐེངས་ཀྱི་བྱེད་སྒོའི་ནང་ཞལ་འདེབས་བརྒྱབ་པའི་ཚད་ལྡན་དཔེ་དེབ་ཚང་མ་ལས་དོན་མི་སྣས་ཡུལ་དངོས་སུ་ཞིབ་བཤེར་དང་ཐོ་འགོད་བྱས་རྗེས། རིན་སྐར་མ་གང་ཡང་མི་དགོས་པར་ཐག་རིང་ལུང་ཁུག་ཏུ་ཡོད་པའི་ཞང་དང་གྲོང་རྡལ་གྱི་སློབ་གྲྭ་ཆུང་འབྲིང་ལ་གཅིག་གྱུར་སྒོས་ཞལ་འདེབས་བརྒྱབ་ནས། གྲོང་གསེབ་སློབ་གྲྭའི་དཔེ་ཀློག་ཐོན་ཁུངས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་པས་བཤད་རྒྱུར། བྱེད་སྒོ་འདིའི་རིགས་སྤེལ་བ་བརྒྱུད། སྤྱི་ཚོགས་ཡོངས་ཀྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཁྲོད་ཀྱི་སྤྱི་པའི་སྒྲིག་གཞིའི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དཔེ་ཆ་དང་གཅེས་སེམས་བརྒྱུད་སྤྲོད་བྱེད་པའི་དུས་མཚུངས་སུ། གྲོན་ཆུང་ལ་བརྩི་མཐོང་དང་ལྗང་མདོག་ཐཱན་ཉུང་གི་དར་སྲོལ་བཟང་པོ་ཆགས་པའི་རེ་ལྟོས་ཆེ་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།