རང་ཞིང་གི་སྡེ་ཁག་མང་པོས་མཉམ་འབྲེལ་བྱས་ཏེ་ནགས་ཚལ་རྩྭ་ཐང་གི་མེ་འགོག་མེ་གསོད་ལ་ལྟ་སྐུལ་ཞིབ་བཤེར་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

བསྟུད་མར་ཉིན་འགའི་རིང་། ཟི་ལིང་མེ་ཟོན་རོགས་སྐྱོབ་འཕྲུལ་ཆས་ཡན་ལག་རུ་ཁག་གིས་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་དང་། ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་དམངས་སྲིད་ཐིང་སོགས་སྡེ་ཁག་ལ་མཉམ་འབྲེལ་བྱས་ནས། མངའ་ཁུལ་གྱི་ནགས་རར་བསྐྱོད་དེ་ནགས་ཚལ་རྩྭ་ཐང་གི་མེ་གསོད་སྔོན་འགོག་ལྟ་སྐུལ་ཞིབ་བཤེར་བྱ་བ་སྤེལ།

ཐེངས་འདིའི་མཉམ་འབྲེལ་ལྟ་སྐུལ་ཞིབ་བཤེར་ནང་།“སྔོན་འགོག་གཙོར་འཛིན་དང་རྐྱེན་ངན་སེལ་བ། ཚེ་སྲོག་གོང་དུ་བཀུར་བ། བདེ་འཇགས་ཨང་དང་པོར་འཇོག་པའི”རྩ་དོན་གཟབ་ནན་སྒོས་ལག་བསྟར་བྱས་པ་དང་། མིག་སྔའི་མེ་ཟོན་གཙོ་གནད་དུ་བཟུང་ནས། གཙོ་གནད་ས་ཁོངས་དང་འགག་རྩའི་རིམ་པར་དམ་པོར་དམིགས་ཏེ།  དྲ་སྦྲེལ་རྣམ་པ་དང་ཁྱོན་ཡོངས་ལ་ཁྱབ་པའི་གྲལ་བཤེར་བཅོས་སྒྲིག་བྱས་པ་དང་། མངའ་ཁོངས་ནང་ཁུལ་གྱི་ནགས་ཚལ་རྩྭ་ཐང་གི་མེ་ཟོན་བྱ་བའི་ཉམས་ཞན་ལ་གསལ་པོར་བརྟག་ནས། མེ་ཁུངས་དོ་དམ་ཚོད་འཛིན་གྱི་སྐྱོན་ཆ་གནད་འཁེལ་གྲལ་བཤེར་བྱས།

དེའི་སྐབས་སུ། ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་གིས“ཡུལ་དངོས་སུ་རྟོག་ཞིབ་དང་ཡུལ་དངོས་སུ་འདྲི་རྩད”ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ། གྲོང་ཁྱེར་གཉིས་དང་ཁུལ་གཅིག་གི་གཙོ་གནད་ནགས་ར32དང་། ཡུལ་དངོས་ཀྱི་མེ་ཟོན་ཞིབ་བཤེར་ས་ཚིགས་བཀོད་སྒྲིག་དང་།     མེ་ཟོན་དྲིལ་སྒྲོག་ཁོར་ཡུག་བསྐྲུན་པ། མེ་གསོད་དཔུང་ཁག་གིས་བཅའ་སྡོད་སྦྱོང་བརྡར་བྱེད་པ།     སྒྲིག་ཆས་དང་དངོས་རྫས་ལ་སྲུང་སྐྱོང་དང་བདག་སྐྱོང་བྱེད་པ།     ལྟ་སྐུལ་ཚོད་འཛིན་དང་སྔོན་ཚུད་ཉེན་བརྡའི་མ་ལག་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་ལ་བརྟེན་ནས། ཨར་ལས་ལས་ཁུངས་ཀྱི་མེ་སྤྱོད་ཞིབ་མཆན་འགོད་པ་དང་།     མཆོད་འབུལ་མེ་ཁུངས་དོ་དམ་ཚོད་འཛིན་བྱེད་པ།     མེ་འགོག་བཀའ་རྒྱ་དོན་འཁྱོལ་དང་དེ་མིན་ལས་རེས་སོགས་ཀྱི་བྱ་བ་ཞིབ་ཚགས་བསྒྲུབས་ཏེ། མངོན་མེད་རྐྱེན་ངན་གསལ་བོ་བྱེད་པ་དང་བྱེད་ཐབས་ནུས་ལྡན་བྱེད་པ།  བཅོས་སྒྲིག་ནན་མོ་བྱེད་དགོས། ཆེད་ལས་མ་ཡིན་པའི་མེ་གསོད་རུ་དཔུང་ལ་ཁ་གཏད་ནས། ཡན་ལག་རུ་ཁག་གི་བཀོད་འདོམས་པས་ཆེད་ལས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། ཡུལ་དངོས་སུ་དངོས་འཐབ་ཅན་གྱི་གསོ་སྦྱོང་མཛུབ་ཁྲིད་བྱས་པ་དང་། མེ་སྐྱོན་གྱི་གནས་ཚུལ་ཞིབ་འཇུག་དང་བརྡར་ཤ་གཅོད་པ། ཐབས་ཇུས་བཀོལ་སྤྱོད། སྒྲིག་ཆས་བཀོལ་སྤྱོད་སོགས་གཙོ་གནད་རིམ་པ་སློབ་ཁྲིད་ནན་མོ་བྱེད་པར་དམིགས་ནས། གཞི་རིམ་གྱི་ལས་ཡུལ་དང་པོའི་མེ་གསོད་རུ་དཔུང་གི་ཆེད་ལས་ནུས་པ་སྔར་ལས་མཐོ་རུ་ཕྱིན་ཡོད།

ཟི་ལིང་མེ་ཟོན་རོགས་སྐྱོབ་འཕྲུལ་ཆས་ཡན་ལག་རུ་ཁག་གིས་གོ་རིམ་རྗེས་མར་མུ་མཐུད་དུ་འབྲེལ་ཡོད་སྡེ་ཁག་བར་གྱི་མཉམ་འགོག་ཚོད་འཛིན་བྱ་བའི་རྐྱེན་སྲོལ་གཏིང་ཟབ་ཏུ་བཏང་ནས། རྒྱུན་རྣམ་ཅན་གྱི་མཉམ་འབྲེལ་སྐོར་ཞིབ་དང་དངོས་འཐབ་ཅན་གྱི་འཕྲལ་བསྟུན་སྦྱོང་བརྡར་བྱས་ཏེ། མེ་ཁུངས་དོ་དམ་ཚོད་འཛིན་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྐྱོང་ནན་མོ་བྱེད་པ། “མཁའ་དབྱིངས་དང་ས་གཞི”གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་སྔོན་ཚུད་ཉེན་བརྡའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས། མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་བྱ་ཆེད་མེ་ཟོན་རོགས་སྐྱོབ་འཕྲུལ་ཆས་ཀྱི་སྟོབས་ཤུགས་འབུལ་རྒྱུ་རེད།

ཤ་བོ་རིན་མཚོས་བསྒྱུར།