
སྐབས139པའི་ཀོང་ཀྲོའུ་ཚོང་ཚོགས་ཀྱི་དུས་རིམ་དང་པོའི་ཡུལ་དངོས་འགྲེམ་སྟོན་ཚེས་བཅུ་དགུའི་ཉིན་མཇུག་བསྒྲིལ། སྤེལ་ཐེངས་དང་པོར་ཐོན་རྫས་གསར་པའི་བྱེད་སྒོ་ཐེངས་སུམ་བརྒྱ་ཉེར་བཞི་སྤེལ་ནས། ཁེ་ལས་ལ་ཆོད་ཆེའི་འབྲེལ་མཐུད་ལས་སྟེགས་བསྐྲུན་རོགས་བྱས། འགྲེམ་ཁུལ་དུAIརིག་ནུས་གློག་ཆས་དང་། མི་མེད་གནམ་གྲུ། ནུས་ཁུངས་གསར་པའི་རླངས་འཁོར། གྲངས་འཛིན་འཕྲུལ་སྟེགས་ཞིབ་ཚགས་སོགས་ཐོན་རྫས་གསར་པ་གཅིག་སྡུད་ཀྱིས་འགྲེམ་སྟོན་བྱས་ནས། འཛམ་གླིང་ཡོངས་ཀྱི་ཚོང་པའི་ཡིད་སེམས་བཀུག ཚེས19ཉིན་གྱི་ཆུ་ཚོད་བཅུ་བདུན་བར། རྒྱལ་ཁབ་དང་ས་ཁུལ་ཉིས་བརྒྱ་བཅུ་དྲུག་ནས་ཡོང་བའི་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་ཆིག་འབུམ་དྲུག་ཁྲི་བདུན་སྟོང་ཚོང་ཚོགས་ལ་ཞུགས་པ་དེ་སྐབས་གོང་མ་ལས་བརྒྱ་ཆའི5.9འཕར་ཡོད་པ་རེད།
སྐབས་འདིའི་ཀོང་ཀྲོའུ་ཚོང་ཚོགས་ཀྱི་དུས་རིམ་གཉིས་པའི་ཡུལ་དངོས་འགྲེམ་སྟོན་གྱིས“སྤུས་ལྡན་ཁྱིམ་ཆས”བརྗོད་དོན་དུ་བཟུང་སྟེ། ཟླ4པའི་ཚེས23ཉིན་ནས་ཚེས27ཉིན་བར་སྤེལ་རྒྱུ་རེད། འགྲེམ་སྟོན་དུས་ཡུན་ཉིན་ལྔའི་རིང་འཛུགས་སྐྲུན་རྒྱུ་ཆ་དང་ཁྱིམ་ཆས། ཁྱིམ་ཚང་གི་མཁོ་ཆས། ལེགས་སྐྱེས་དང་རྒྱན་ཆ་བཅས་བརྗོད་བྱ་ཆེན་པོ་གསུམ་གཅིག་བསྡུས་སྒོས་འགྲེམ་སྟོན་བྱ་རྒྱུ་རེད།