
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་མདུན་ལྗོངས་རྒྱ་ཆེ་བས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འདེགས་སྐྱོར་ཐོན་ལས་དང་། དམངས་འཚོའི་ཐོན་ལས། བདེ་སྐྱིད་ལྡན་པའི་ཐོན་ལས་དངོས་སུ་བསྐྲུན་དགོས་པ་བསྟན་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོར། རྒྱལ་ཡོངས་ཀྱི་ས་གནས་ཁག་གིས་ཁྱད་ལྡན་ཐོན་ཁུངས་དང་རིག་གནས་ཀྱི་ནང་དོན་སྔོག་འདོན་ཟབ་མོ་བྱས་ནས། ལས་རྣམ་སྣ་མང་མཉམ་འདྲེས་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། རིག་གནས་ཡུལ་སྐོར་ཐོན་ལས་ལ་གསོན་ཤུགས་གསར་པ་རྒྱས།
རིག་གནས་ཡུལ་སྐོར་ལས་རིགས་ནི་རྒྱལ་དམངས་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ཡུལ་སྐོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རྒྱས་བཤད་གལ་ཆེན་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ནས། རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་། སྤྱི་ཁྱབ་ཧྲུའུ་ཅིས་བསྟན་དོན། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་མདུན་ལམ་རྒྱ་ཆེ་ཞིང་། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ངེས་པ་དོན་གྱིས་འདེགས་སྐྱོར་ཐོན་ལས་དང་། དམངས་འཚོའི་ཐོན་ལས། བདེ་སྐྱིད་ལྡན་པའི་ཐོན་ལས་བཅས་བསྐྲུན་དགོས། ནུས་ཤུགས་ཡོད་རྒུས་དེང་རབས་ཀྱི་ཡུལ་སྐོར་ལས་རིགས་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ཡུལ་སྐོར་གྱི་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ནས། ཡུལ་སྐོར་ལས་རིགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་སྔར་ལས་ལེགས་པའི་ཞབས་འདེགས་ཞུ་བ་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བསམ་པའི་ཁྱིམ་གཞིས་སྐྲུན་པ། ཀྲུང་གོའི་སྣང་བརྙན་ངོམས་པ། དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་དགོས་ཞེས་ནན་གྱིས་བསྟན།
ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་ཡུལ་སྐོར་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་སུང་རུའེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རིག་གནས་ཡུལ་སྐོར་ཐོན་ལས་རྒྱུན་མཐུད་དང་སྐྱོན་བྲལ་གྱི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དགོས་པ་བསྟན། ད་ལོ། “ཡུལ་སྐོར་གྱི་སྟོབས་ལྡན་རྒྱལ་ཁབ”དེ་ལོ་ལྔའི་འཆར་འགོད་ནང་ཐོག་མར་བཀོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱིས་མང་ཚོགས་ཀྱི་དགོས་མཁོ་དང་། དཔལ་འབྱོར་གྱི་ཆོས་ཉིད། དུས་རབས་ཀྱི་འཕེལ་ཕྱོགས་བཅས་ལ་གནད་འཁེལ་དམ་འཛིན་དང་ཚན་རིག་དང་མཐུན་པའི་སྔ་བལྟས་ཕྱི་བསམ་བྱས་ཡོད་དེ། ང་ཚོའི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་ཡུལ་སྐོར་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འཛད་མཐའ་མེད་པའི་སྒུལ་ཤུགས་གསར་པ་བསྣན།
རིག་གནས་ཡུལ་སྐོར་ལས་རིགས་འབད་པས་འཕེལ་རྒྱས་བཏང་སྟེ། རིག་གནས་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་དང་སྐུལ་འདེད་འོག དུས་རབས་གསར་པའི་ཚུན་ལ། རང་རྒྱལ་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཆེན་པོ་བྱུང་། འདས་ཟིན་པའི་ལོ་ལྔའི་ནང། རང་རྒྱལ་གྱི་རིག་གནས་ཐོན་ལས་ཀྱི་ལས་གཉེར་ཡོང་འབབ37.7%འཕར་བ་དང་། 2025ལོར་རྒྱལ་ནང་དུ་ཡུལ་སྐོར་བ་མི་ཐེངས་ཐེར་འབུམ་དྲུག་དུང་ཕྱུར་ལྔ་ལས་བརྒལ་བ་དང་། དུས་མཉམ་ལས16.2%འཕར་ནས། ཡུལ་སྐོར་འཛད་སྤྱོད་སྒོར་ཁྲག་ཆེན་དྲུག་ཁྲག་ཁྲིག་གསུམ་ལ་སླེབས། ཕྱི་རྒྱལ་ནས་རྒྱལ་ནང་དུ་ཡུལ་སྐོར་དུ་ཡོང་མཁན་མི་ཐེངས་དུང་ཕྱུར་གཅིག་བྱེ་བ་ལྔ་ལས་བརྒལ་བ་དང་དུས་མཉམ་ལས17%འཕར་ལ། རྒྱལ་ནང་དུ་ཡུལ་སྐོར་བྱེད་པའི་འཛད་སྤྱོད་ཨ་སྒོར་ཁྲག་ཁྲིག་གཅིག་ཐེར་ཆེན་གསུམ་ལས་བརྒལ་ཞིང་དུས་མཉམ་ལས40%ཙམ་འཕར། རང་རྒྱལ་ནི་གོ་ལ་ཧྲིལ་པོའི་རྒྱལ་ནང་གི་ཡུལ་སྐོར་ཁྲོམ་ར་ཆེ་ཤོས་དང་རྒྱལ་སྤྱིའི་ཡུལ་སྐོར་བའི་དམིགས་འབེན་གཙོ་བོ་རུ་གྱུར་ཡོད་པ་དང་། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཀྲུང་གོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་དུ་རྒྱལ་ཁའི་ངང་བསྐྱོད།
རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་ནང་། སྔར་ལས་ལྷག་པར་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཏེ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་བསྐྲུན་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་ལ་བཏོད་དེ། ཡུལ་སྐོར་རྒྱལ་ཁབ་སྟོབས་ལྡན་འཛུགས་པར་སྐུལ་འདེད་གཏོང་དགོས་པ་གསལ་བོར་བསྟན།
མགོ་རྩོམ་པའི་ལོར། ས་གནས་ཁག་གིས་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་བསྡུ་སྒྲིལ་ཟབ་མོ་བྱེད་པ་དང་ལས་རྣམ་སྣ་མང་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་ཉམས་ལེན་བྱ་ཡུལ་གཏོད། དྭངས་གསལ་དུས་ཚིགས་དུས་ཆེན་སླེབས་པ་དང་། མེ་ཏོག་ལ་རོལ་ནས་སྤྲོ་གསེང་འགྲོ་བ་ཡིས་ས་གནས་ཁག་གི་དཔྱིད་དུས་ཀྱི་དཔལ་འབྱོར་བསྟུད་མར་འཕར་བར་སྐུལ་ཁྲིད་བྱས། ཀྲེ་ཅང་ལིའང་ཀྲུའུ་རུ། མི་རྣམས་མེ་ཏོག་གི་ཞིང་ཁམས་སུ་བསྐྱོད་དེ། མེ་ཏོག་ལ་བལྟ་ཞོར་དང་འགྲེམས་སྟོན་དང་། འཁྲབ་སྟོན། ཁྲོམ་གཞུང་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་མྱོང་རོལ་དང་ཉམས་ལེན་བྱས་ཆོག མིག་སྔར་ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི་ལྔ་ལས་བརྒལ། ཧུའུ་ནན་ལི་རྫོང་ཁྲེང་ཐོའུ་རི་བོའི་གནའ་ཤུལ་དུ་གནའ་རྫས་རྟོག་ཞིབ་དང་ཞིང་འདེབས་ཉམས་ལེན་སོགས་མཉམ་འགུལ་རྣམ་གྲངས་བཏོན་ཏེ། ཡུལ་སྐོར་བའི་ཡིད་དབང་རབ་ཏུ་འཕྲོག་ཅིང་། ལོ་ངོ6000ལྷག་གི་ཡར་སྔོན་གྱི་ཀྲུང་ཧྭའི་ཤེས་རིག་གི་ལོ་རྒྱུས་ཀྱི་འཕོ་འགྱུར་ལ་ཉམས་ལེན་ཟབ་མོ་བྱས་ནས། གནའ་བོའི་ལོ་རྒྱུས་ཀྱི་འོད་སྟོང་ལྡན་པའི་གསང་བ་བརྟོལ་ཆོག ཧོ་ནན་ཁའེ་ཧྥེང་ཆུ་གྲོང་སྐྱེད་ཚལ་དུ་ཀྲུང་གོའི་མི་རབས་ནས་མི་རབས་བར་བརྒྱུད་པའི་རི་མོ་གྲགས་ཅན《དྭངས་གསལ་ཆུ་གྲོང་རི་མོ》ཞེས་པ་བསྐྱར་དུ་མངོན་ཏེ། དངོས་ལྗོངས་འཁྲབ་སྟོན་དང་རིགས་སོ་སོའི་འཁྲབ་སྟོན་རྣམ་པའི་ཉམས་ལེན་རྣམ་གྲངས་ལ་བརྟེན་ནས། ཡུལ་སྐོར་བས“ཡུལ་ལྗོངས་ལ་ལྟ་བ”ནས“ཟློས་གར་ནང་ཞུགས་པ”དང་། དེ་ནས“མཉམ་དུ་འཁྲབ་སྟོན”་བྱས་ཆོག་པས། ཡུལ་སྐོར་ཉམས་ལེན་སྔར་ལས་གསོན་ཉམས་ལྡན།
ཡུལ་སྐོར་བ་ཅང་ཞའོ་ཁྲིན་གྱིས་བཤད་རྒྱུར། གློ་བུར་དུ་ལོ་ངོ་སྟོང་གི་ཡར་སྔོན་གྱི་སུང་རྒྱལ་རབས་སུ་ཐོན་པའི་ཚོར་བ་ཞིག་སྐྱེས་སོང་། ཚང་མའི་སེམས་ཁམས་དེའི་ནང་འདྲེས་པས། རྣམ་པ་ཧ་ཅང་བཟང་ལ་ཧ་ཅང་སྐྱིད་པོ་རེད།
ཉེ་སྔོན་རྒྱུག་ཆེ་བའི་གྲོང་ཚོའི་རིམ་འདས་རྐང་གྲུག་དང་། གྲོང་ཚོའི་གཟེབ་གྲུག་ནས“ཅང་སུའུ་རིམ་འདས་རྐང་གྲུག”དང་“སི་ཁྲོན་རིམ་འདས་རྐང་གྲུག”སོགས་དེང་སྐབས་མང་ཚོགས་ཀྱི་ལུས་རྩལ་འགྲན་བསྡུར་དེ་ཡུལ་སྐོར་ལ་སྐུལ་ཁྲིད་བྱེད་པ་དང་། འཛད་སྤྱོད་ལ་སྐུལ་བ། དཔལ་འབྱོར་འཕར་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད། ན་ནིང་ནས་བཟུང་། “གློག་བརྙན་གྱི་རྗེས་སུ་འབྲངས་ནས་ཡུལ་སྐོར་དུ་བསྐྱོད་པ་དང་། ཞིམ་ཟས་ཟ་བ། ཁྲོམ་རར་ཉུལ་བ”བཅས་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་ཁྱད་ཆོས་གསར་པར་གྱུར་པ་དང་། གློག་བརྙན་མང་པོ་ཞིག་གི་གཏམ་རྒྱུད་བྱུང་ཡུལ་དང་བརྙན་ལེན་བྱ་ཡུལ་དེ་ཡུལ་སྐོར་བ་མང་པའི་དམིགས་ས་གསར་པ་ཞིག་ཏུ་གྱུར་ཡོད། ས་གནས་སོ་སོས་ད་དུང་རྣམ་པ་མི་འདྲ་བའི་གློག་བརྙན་བརྗོད་བྱ་གཙོ་བོའི་ཡུལ་སྐོར་ལམ་ཐིག་བཏོད་པ་དང་། གློག་བརྙན་གྱི་བརྗོད་དོན་གཙོ་བོའི་མེ་འཁོར་དང་། གནམ་གྲུ་གཏོང་ཐེངས། ཡུལ་སྐོར་གྲུ་གཟིངས་བཅས་ཀྱི་རྣམ་གྲངས་བཏོད་དེ། ཡུལ་སྐོར་བས་བརྙན་རིས་བརྒྱུད་དེ་རི་ཀླུང་གི་མཛེས་ལྗོངས་ལ་ལོངས་སྤྱོད་བྱས་ནས་རིག་གནས་དང་ཡུལ་སྐོར་གྱི་འཕེལ་ཕྱོགས་གསར་པ་བཏོད།
རིག་གནས་ཡུལ་སྐོར་དང་ལས་རྣམ་སྣ་མང་མཉམ་འདྲེས་སྔར་ལས་གཏིང་ཟབ་ཏུ་བཏང་ནས། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་སྔར་ལས་བསྐངས་བའི་དུས་མཚུངས་སུ་འཛད་སྤྱོད་ཀྱི་སྒུལ་ནུས་གསར་པ་རྒྱུན་མ་ཆད་པར་སྐུལ་སློང་བྱས་ཏེ། རིག་གནས་སྟོབས་ལྡན་རྒྱལ་ཁབ་དང་། ཡུལ་སྐོར་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་གསོན་ཤུགས་ཆེན་པོ་བསྣན།