ལུགས་རྙིང་ལོ་སར་སྐབས་སུ་མཚོ་སྔོན་པོའི་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི་དྲུག་དང་སུམ་བརྒྱ་སྣེ་ལེན་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ལུགས་རྙིང་ལོ་སར་སྐབས་སུ། མཚོ་སྔོན་པོའི་ལྗོངས་ཁུལ་དུ་ལོ་སར་གྱི་སྤྲོ་དགས་ཁེངས་ཡོད་ལ། ཡུལ་སྐོར་བ་ཧ་ཅང་མང་། མཚོ་སྔོན་པོའི་མཛེས་ལྗོངས་ལ་བལྟ་རྒྱུ་དེ་མི་རྣམས་ཀྱི་ལོ་སར་སྐབས་ཀྱི་གླེང་གཞི་དང་གྲོགས་ཚོམ་དུ་བསྐུར་དགོས་པའི་ནང་དོན་གཙོ་བོར་གྱུར་ཡོད། མཛེས་ལྗོངས་ཁུལ་གྱིས་གྲང་བའི་ཐོན་ཁུངས་བེད་སྤྱོད་ལེགས་པོ་བྱས་ཏེ། ཁེ་རམས་ཐང་དང་ནུ་ལྕེ་ལྗོངས་ཁུལ་གཉིས་ཀྱི་ཁྱད་དུ་འཕགས་པའི་མཛེས་ལྗོངས་ཀྱིས་མི་རྣམས་གནས་འདིར་བཀུག་ཡོད། ལུགས་རྙིང་ལོ་སར་སྐབས་སུ། མཛེས་ལྗོངས་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི་དྲུག་དང་སུམ་བརྒྱ་སྣེ་ལེན་བྱས་པ་དང་། ཞིང་ཆེན་ཕྱིའི་ཡུལ་སྐོར་བའི་མི་གྲངས་ཀྱིས་བརྒྱ་ཆའི་བདུན་ཅུ་ཟིན་ལ། སྣེ་ལེན་བྱས་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད།

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་མཚོ་སྔོན་པོའི་ཁྱད་ཆོས་གཙོ་བོར་དམིགས་ནས། རང་བྱུང་དར་དང་དར་སྤུང་། དར་གྱིས་ལས་པའི་མེ་ཏོག དར་གྱི་ཀ་བ་སོགས་རང་བྱུང་གི་མཛེས་ལྗོངས་ཀྱི་རྨང་གཞིའི་སྟེང་། དར་གྱི་གླིང་ཕྲན་གྱི་ཆེད་བཟོས་ཡུལ་ལྗོངས་ཉམས་ལེན་གནས་བསྐྲུན་པ་དང་ཆབས་ཅིག དྲ་གྲགས་ཀྱི་མིང་འགོད་ས་ཚིགས་མང་པོ་བསྐྲུན་ནས། དར་འཁྱགས་ཀྱི་རང་བྱུང་མཛེས་སྡུག་དང་དབྱིངས་ཞུགས་རྣམ་པའི་ལྟ་སྐོར་ཉམས་ལེན་མཉམ་འདྲེས་ཟབ་མོ་ཡོང་བར་བྱས་ནས་ཡུལ་སྐོར་བྱེད་པའི་གནས་གཙོ་བོ་ཞིག་ཏུ་གྱུར་ཡོད།  

ཤ་བོ་རིན་མཚོས་བསྒྱུར།