
ཉེ་ལམ་གསར་འགོད་པས་སློབ་གསོ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་གི་ཚུན་དུ། སློབ་གསོ་པུའུ་ཡིས་ས་ཆ་སོ་སོའི་སློབ་གསོའི་སྡེ་ཁག་གིས་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་ཆེན་མོའི་གཞི་གྲངས་རེའུ་མིག་མུ་མཐུད་བསྐྲུན་པར་མཛུབ་སྟོན་བྱས་ཏེ། མིག་སྔའི་བར་དུ། སློབ་གྲྭ་ཆུང་འབྲིང་གི་བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་ལག་ལེན་སློབ་ཁྲིད་རྟེན་གཞི1200ལྷག་བཙུགས་ཡོད།
ས་ཆ་སོ་སོས་གཅིག་རྗེས་གཉིས་མཐུད་ཀྱིས་བྱེད་ཐབས་ནུས་ལྡན་བཏོན་ཏེ། སློབ་གྲྭ་ཆུང་འབྲིང་གི་བསམ་བློ་ཆབ་སྲིད་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་། དཔེར་ན། པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་སུ་པེ་ཅིང་དང་ཐེན་ཅིན། ཧོ་པེ་ཕྱོགས་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་ལག་ལེན་སློབ་ཁྲིད་མཉམ་ལས་ཐུན་མོང་ཚོགས་པ་བཙུགས་ཤིང་། ཧུའུ་ནན་དང་ཀན་སུའུ། ཉིང་ཞ་སོགས་ཀྱིས་བསྟུད་མར་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་རབ་དང་རིམ་པ་སྤེལ་ནས། བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་བཅོས་སྒྱུར་གསར་གཏོད་ཐད་མུ་མཐུད་ཤུགས་བསྣན།
རྒྱུས་ལོན་པ་ལྟར་ན། 2026ལོར། སློབ་གསོ་པུའུ་ཡིས་ལག་ལེན་ལས་མི་གཞི་སྐྱོང་བའི་སློབ་ཁྲིད་ལ་ཤུགས་སྣོན་བྱས་ཏེ། སློབ་ཁྲིད་དང་གུང་གསེང་། སློབ་ཁུལ་དང་སློབ་ཕྱི། དྲ་ལམ་དང་ཡུལ་དངོས་སོགས་གཅིག་འདོམས་ཀྱིས་བསམ་བློ་ཆབ་སྲིད་སློབ་ཁྲིད་དང་སྤྱི་ཚོགས་སློབ་ཁྲིད་ནུས་ལྡན་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་ཟོང་རྟགས་ཁག་ཅིག་གསོ་སྐྱོང་བྱས་ནས་བསམ་བློ་ཆབ་སྲིད་དང་ཀུན་སྤྱོད་སློབ་གསོའི་ཁ་གཏད་རང་བཞིན་དང་ནུས་ལྡན་རང་བཞིན་ཇེ་མཐོར་གཏོང་རྒྱུ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།