ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ས་གནས་སོ་སོ་བཀོད་སྒྲིག་བྱས་ཏེ་འཛད་སྤྱོད་ཞབས་ཞུའི་སྣང་ཚུལ་མི་ལེགས་པ་ཡོ་བསྲང་དག་བཅོས་ནན་མོ་དང་ནུས་ཤུགས་ཡོད་རྒུས་ལུགས་རྙིང་ལོ་སར་སྐབས་ཀྱི་ཁྲོམ་རའི་སྒྲིག་སྲོལ་ལ་སྲུང་སྐྱོང་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ལུགས་རྙིང་ལོ་སར་སྐབས་སུ། དུས་ཆེན་གྱི་འཛད་སྤྱོད་དང་ཡུལ་སྐོར་ཞབས་ཞུ་སོགས་ཁྲོམ་རའི་རྣམ་པ་ཛ་དྲག་གིས་ཁེངས། ལུགས་རྙིང་ལོ་སར་སྐབས་ཀྱི་ཁྲོམ་རའི་རིན་གོང་སྒྲིག་སྲོལ་གཏན་འཇགས་ཡོང་བར་སྲུང་སྐྱོང་བྱེད་ཆེད། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ས་གནས་སོ་སོའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་བྱེད་ཐབས་སྣ་མང་སྤྱོད་པར་བཀོད་སྒྲིག་བྱས་ཏེ། ཞག་སྡོད་དང་བཟའ་བཏུང་། ལྗོངས་ཁུལ། ཟས་རིགས། འཚོ་བའི་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་རིན་གོང་དོ་དམ་ལ་ཤུགས་བསྣན་པ་དང་། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས་ཤིང་། ལུགས་རྙིང་ལོ་སར་གྱི་སྒྲིག་སྲོལ་ལ་སྲུང་སྐྱོང་བྱས།

རིམ་པ་སོ་སོའི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་རིན་གོང་ལྟ་ཞིབ་ཚད་ལེན་སྔོན་བརྡར་ཤུགས་བསྣན་པ་དང་། རིན་གོང་འགྱུར་ལྡོག་གི་གནས་བབ་ལ་དོ་ཁུར་ནན་མོ་བྱས་ཏེ། ཚོང་གཉེར་མཁན་གྱིས་ལུགས་མཐུན་གྱི་རིན་གོང་གཏན་འཁེལ་བྱེད་པར་མཛུབ་སྟོན་བྱས་པར་མ་ཟད་གཏན་འབེབས་ལྟར་དངོས་གོང་གསལ་བོར་བྲིས་ཡོད། དུས་ཐོག་ཏུ་རྩ་འཛུགས་བྱས་ནས་རིན་གོང་གསལ་འདེབས་དང་སྲིད་འཛིན་གྲོས་མོལ་བྱས་པ་དང་། ཚོང་གཉེར་མཁན་གྱིས་ལུགས་མཐུན་གྱི་རིན་གོང་ལྟར་ཚོང་གཉེར་བའི་ཁས་ལེན་ལ་སྐུལ་འདོམས་བྱས། ལུགས་རྙིང་ལོ་སར་གྱི་འཛད་སྤྱོད་ཀྱི་གཙོ་གནད་ས་ཁུལ་དང་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། རིན་གོང་གི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་མོ་གཏོང་བའི་རྣམ་འགྱུར་བཟུང་བ་དང་། གཏན་འབེབས་ལྟར་དངོས་གོང་གསལ་བོ་མི་འབྲི་བ་དང་། ལྐོག་འབྲེལ་གྱིས་རིན་གོང་འཕར་བ། རིན་གོང་ཐད་ནས་མགོ་སྐོར་གཏོང་བ། རིན་གོང་མཐོན་པོ་བཤད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱས་ཏེ། དཔེ་མཚོན་གྱོད་དོན་སྐོར་ཞིག་ཐག་གཅོད་བྱས།

ཁྲོམ་ར་ལྟ་སྐུལ་སྡེ་ཁག་གིས་ལྟ་སྐུལ་དོ་དམ་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ་དང་། ཁྲོམ་རའི་འགྲན་རྩོད་སྒྲིག་སྲོལ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ནན་མོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་བདེ་འཇགས་ཡིན་ལ་བློ་བདེ་བ་དང་། ཚང་མ་ཡིད་ཚིམ་ལ་སེམས་སྐྱིད་པའི་དུས་ཆེན་གྱི་འཛད་སྤྱོད་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ་རེད། 

ལྷ་མོ་འཚོས་བསྒྱུར།