
ཟླ2ཚེས12ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་བྱང་ཁུལ་གྱིས“དམངས་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་”དང་“གཞི་གྲངས་སྤྱི་ཚོགས་འགན་སྲུང་།”“ཕན་འབྲས་ཆེ་བའི་སྤྱི་ཚོགས་འགན་སྲུང་།”“སེམས་པ་དྲོད་ལ་བསྐྱིལ་བའི་སྤྱི་ཚོགས་འགན་སྲུང་།”“བབ་གཙང་གི་སྤྱི་ཚོགས་འགན་སྲུང་།”བཅས་སྤྱི་ཚོགས་འགན་སྲུང་འཛུགས་སྐྲུན་ལྔ་ལ་སྟོབས་ཤུགས་ཕུལ་ནས། སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔར་ཁུལ་ཡོངས་སུ་གཞི་རྩའི་རྒན་གསོ་འགན་སྲུང་དམངས་ཡོངས་ལ་ཁྱབ་པ་དང་། ལས་ཤོར་འགན་སྲུང་དང་ལས་རྨས་འགན་སྲུང་གཞི་རྩའི་ཆ་ནས་ཁྲིམས་བཀོད་ཚོགས་པ་ཚང་མར་ཁྱབ་པ་བརྟན་པོའི་ངང་མངོན་འགྱུར་བྱུང་ཡོད།
མཚོ་བྱང་ཁུལ་གྱིས“སྤྱི་ཚོགས་འགན་སྲུང་ཞབས་ཞུ་ཁྱིམ་ཚང་ཁྲི་ལ་ཁྱབ་པར་བྱེད་རྒྱུ”གཞི་འཛིན་སར་བྱས་ཏེ། དམངས་ཡོངས་འགན་སྲུང་ནང་ཞུགས་རྒྱུ་གནད་ལ་འཁེལ་ཞིང་ཁྱབ་ཁོངས་ཆེར་བསྐྱེད་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་འགན་སྲུང་ཁ་གསབ་སོགས་དམངས་ཕན་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས། ཁུལ་ཡོངས་ཀྱི་མི་བཀོལ་སྡེ་ཁག་སོ་སོ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་ཁྲིམས་ལྟར་འགན་སྲུང་ནང་ཞུགས་རྒྱུ་དང་། རང་འགུལ་ངང་འགན་སྲུང་ནང་ཞུགས་རྒྱུ། རྒྱུན་མཐུད་ངང་འགན་སྲུང་ནང་ཞུགས་རྒྱུ་བཅས་ལ་སྐུལ་འདེད་བཏང་ཡོད། མིག་སྔར་ཁུལ་ཡོངས་ཀྱི་གཞི་རྩའི་རྒན་གསོ་འགན་སྲུང་དང་ལས་རྨས་འགན་སྲུང་། ལས་ཤོར་འགན་སྲུང་བཅས་ཀྱི་ནང་ཞུགས་མཁན་སོ་སོར་མི་གྲངས་ཁྲི22དང་ཁྲི3.4། ཁྲི2.06བཅས་ལ་སླེབས་ཡོད། “དྲ་སྦྲེལ་དང་མི་ཤུགས་དང་སྤྱི་ཚོགས་འགན་སྲུང”གིས་སྣེ་ཁྲིད་བྱས་ཏེ། འགན་སྲུང་ནང་ཞུགས་པའི་མང་ཚོགས་ལ་དྲ་ལམ་ནས་འདྲི་རྩད་བྱེད་པ་སོགས་སྟབས་བདེའི་ལས་སྒོ་བསྒྲུབ་རྒྱུར་ཁྲིད་སྟོན་བྱས་ནས། དྲ་ཕྱི་ནས་མཉམ་ལས་དངུལ་ཁང་དྲུག་ཏུ་རང་གི་ཉེ་འགྲམ་ནས་ལས་དོན་བསྒྲུབ་སའི་ཞབས་ཞུའི་སྒེའུ་ཁུང18བཙུགས་ཏེ། “དྲ་ལམ་གཅིག་ནས་ཡོད་ཚད་བསྒྲུབ་ཆོག་པ་དང་ལས་དོན་ལྷག་ལུས་མེད་པར་བསྒྲུབ་ཆོག”པའི་བཅོས་སྒྱུར་ལ་མུ་མཐུད་སྐུལ་འདེད་བཏང་ནས། མིག་སྔར་དྲ་ཐོག་ནས་བསྒྲུབ་པའི་དོན་དག175ཡིས་ཇེ་མང་དུ་ཕྱིན་པ་དང་། དྲ་ཐོག་ནས་བསྒྲུབ་པའི་ཚད་ཀྱིས་ལས་སྒོའི་སྤྱི་འབོར་གྱི94%ཡན་ཟིན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།