འཕྲལ་བསྟུན་དོ་དམ་པུའུ་ཡིས་ལུགས་རྙིང་ལོ་སར་སྐབས་ཀྱི་བདེ་འཇགས་འགོག་སྲུང་བྱ་བར་མུ་མཐུད་བཀོད་གཏོང་དང་བཀོད་སྒྲིག་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

འཕྲལ་བསྟུན་དོ་དམ་པུའུ་ཡིས་ཚེས17ཉིན་བརྙན་རིས་བཀོད་གཏོང་གྲོས་ཚོགས་བསྡུས་ཏེ། ལུགས་རྙིང་ལོ་སར་སྐབས་ཀྱི་བདེ་འཇགས་འགོག་སྲུང་བྱ་བའི་གཙོ་གནད་ལས་འགན་ལ་དམིགས་ནས་ཡང་བསྐྱར་བཀོད་གཏོང་དང་ཡང་བསྐྱར་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་མཉམ་དུ་བརྟན་སྲུང་དང་འགོག་སྲུང་ཚགས་དམ་བྱས་ཏེ། བདེ་འཇགས་གནས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་བྱས་ནས། རྒྱལ་ཡོངས་མི་དམངས་ཀྱི་ལྷན་འཛོམས་དུས་སྟོན་ལ་རོལ་བ་དང་ལོ་གསར་རྙིང་སྐྱེལ་བསུ་ཞུ་བར་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་དགོས། ལུགས་རྙིང་ལོ་སར་གྱི་སྐབས་སུ་ཤོག་སྦག་གི་ཉེན་ཁའི་གནས་བབ་ཚད་མཐོན་པོར་སླེབས་ཡོད་པས། མུ་མཐུད་དུ་ཐོན་སྐྱེད་དང་སྐྱེལ་འདྲེན། གསོག་ཉར། ཕྱིར་འཚོང་། འབར་འགད་སོགས་མུ་ཕྲེང་ཧྲིལ་བོའི་བདེ་འཇགས་ལྟ་སྐུལ་བྱ་བ་དམ་འཛིན་ནན་མོ་བྱེད་དགོས་པ་བསྟན།

གྲོས་ཚོགས་ལས་ལས་རིགས་གཙོ་བོ་རེ་རེའི་ཁྱབ་ཁོངས་དང་། མི་ཚོགས་འདུ་འཛོམས་ཁུལ་རེ་རེ། ཉེན་ཁ་ཆེ་བའི་ལས་ཁུངས་རེ་རེ། དོན་རྐྱེན་འབྱུང་སླ་བའི་ལས་རིམ་རེ་རེ་བཅས་ལ་དམིགས་ཏེ། གནད་འཁེལ་ཇུས་བསྟར་དང་འགོག་སྲུང་ནན་མོ་བྱེད་དགོས་ལ། དུས་ལྟར་བདེ་འཇགས་ཀྱི་ཉེན་ཁ་གལ་ཆེན་འགོག་སེལ་བྱེད་དགོས། གཏེར་རི་དང་ཉེན་ཁའི་རྫས་འགྱུར། བཟོ་ལས་ཉོ་ཚོང་སོགས་ལས་རིགས་གཙོ་བོའི་ཁྱབ་ཁོངས་གཞན་པའི་བདེ་འཇགས་ལྟ་སྐུལ་ལ་གཅིག་འདོམས་བྱས་ཏེ། བདེ་འཇགས་དྲན་སྐུལ་དང་མཛུབ་སྟོན་ཞབས་ཞུ་ལེགས་པོར་སྒྲུབ་དགོས་ཤིང་། ཁེ་ལས་ཀྱིས་ཉེན་ཁ་འགོག་སྲུང་ལ་ཤུགས་སྣོན་པར་ལྟ་སྐུལ་དང་། བཟོ་ལས་དུས་སྐབས་སུ་འཕེལ་རིམ་རྗེས་སྙེག་གི་ཚད་བརྒལ་ཐོན་སྐྱེད་གཏན་འགོག་བྱེད་དགོས། དོན་རྐྱེན་ཅུང་ཚབས་ཆེན་དང་དེའི་ཡན་འབྱུང་བ། ཉེན་ཁ་འབྲེལ་བའི་དོན་དག་མང་དུ་འབྱུང་བའི་འབྱུང་རྩ་མཐའ་གཅིག་ཏུ་གཏན་འགོག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་འཇགས་ལ་སྲུང་སྐྱོབ་ལེགས་པོ་བྱ་རྒྱུའི་བླང་བྱ་བཏོན།

རིག་འཛིན་སྒྲོལ་མས་བསྒྱུར།