རྒྱལ་ཁབ་མང་པོའི་མི་སྣས་ཀྲུང་གོས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་མཉམ་དུ་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་གཏོད་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ཟེར།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

​རྒྱལ་ཁབ་མང་པོའི་མི་སྣས་བསྟན་དོན།  འཚོག་ལ་ཉེ་བའི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་ནི་ཀྲུང་གོས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་ཁོངས་མཉམ་ལས་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་བའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པས།  ཀྲུང་གོས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གྲོགས་པོ་དང་མཉམ་དུ་གོ་སྐབས་མཉམ་སྤྱོད་དང་འགྲན་སློང་མཉམ་བསུ།  མཉམ་འཕེལ་མཉམ་དར་གྱི་ལམ་བུ་གསར་པ་གཏོད་པར་རེ་སྒུག་བྱས་ཡོད།

ཨ་རིའི་རྒྱལ་སྤྱིའི་གནད་དོན་གྱི་ཆེད་མཁས་པ།  ཝེ་ལེན་ཆུང་སི་ཡིས་བཤད་རྒྱུར། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ལ་ཆེ་ཆུང་དང་འཕེལ་རྒྱས་ཀྱི་ཆུ་ཚད་མི་འདྲ་བའི་དཔལ་འབྱོར་ཕུང་བོ་འདུས་ཡོད་ཅིང་།  ཕྱོགས་སོ་སོས་མུ་མཐུད་དུ་མཉམ་ལས་བྱས་ནས་མཐུན་སྒྲིལ་ཇེ་ཟབ་ཏུ་བཏང་སྟེ།  འཛམ་གླིང་གི་ས་ཁུལ་གཞན་དག་ལ་དཔྱད་གཞི་འདོན་སྤྲོད་བྱས་ཡོད།  ད་ལོའིAPECཚོགས་འདུའི་བརྗོད་བྱ་གཙོ་བོ་ནི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱས་ནས་ཐུན་མོང་་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་ཞེས་པ་འདི་ཡིན་ལ། འདི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དགོངས་པ་དང་གཅིག་མཐུན་ཡིན་པས།  ངས་བསམ་ན་ཀྲུང་གོས་གཙོ་སྒྲུབ་བྱས་པའི་ཐེངས་འདིའི་ཚོགས་འདུ་ཡིས་ཕྱོགས་སོ་སོར་སྔར་ལས་མང་བའི་ངེས་པ་དོན་གྱི་གྲུབ་འབྲས་འཁྱེར་འོང་ངེས་ཟེར།

ཧང་ག་རིའི་རྒྱལ་སྤྱིའི་གནད་དོན་ཆེད་མཁས་པ།   ཅིའུ་ལ་ཡིས་བཤད་རྒྱུར། འདི་ནི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་གདོན་མི་ཟ།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གྲོས་འགོ་གལ་ཆེན་རབ་དང་རིམ་པར་སྔོན་དཔག་རང་བཞིན་ལྡན་ཞིང་།  འཛམ་གླིང་འཕེལ་རྒྱས་འགྲོ་བའི་བསམ་འདུན་མཚོན་པ་མ་ཟད་སྒྲོམ་གཞི་ཡང་འདོན་སྤྲོད་བྱས།   ཧྲེན་ཀྲེན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་མང་པོའི་འགོ་ཁྲིད་པ་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་།  གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐད་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་རྒྱུ་ཡིན་ཞིང་ངས་དེར་ཚད་མཐོའི་རེ་སྒུག་བྱས་ཡོད་ཟེར།

སིང་ཀ་ཕོར་གྱི་ཚོང་དོན་བཟོ་ལས་པུའུ་ཡི་དབུ་བཞུགས་དཔལ་འབྱོར་ཆེད་མཁས་པ་ཟུར་པ།   ཁྲེན་ཀོང་ཡན་གྱིས་བཤད་རྒྱུར། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་དང་ཐུན་མོང་གི་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོའི་འོག ཀྲུང་གོས་སྒོ་འབྱེད་དང་གསར་གཏོད།  མཉམ་ལས་བཅས་ལ་སྐུལ་འདེད་གཏོང་རྒྱུར་ནུས་ཤུགས་འདོན་བཞིན་ཡོད་ལ།  ངས་བསམ་ན་མི་ཐབས་རིག་ནུས་དེ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཆེས་གལ་ཆེ་བའི་མཉམ་ལས་ཁྱབ་ཁོངས་ཤིག་ཏུ་འགྱུར་ངེས་པས། ཞིང་ལས་དང་སློབ་གསོ། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་སུ་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བའི་རེ་བ་ཡོད།  ཀྲུང་གོས་མི་ཐབས་རིག་ནུས་ཁྱབ་ཁོངས་སུ་སྒོ་འབྱེད་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཡོད་པ་མ་ཟད་བྱེད་ཐབས་ཏན་ཏིག་སྤྱད་དེ།  ཡ་གླིང་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་དངོས་ཕུང་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྱབ་ཁོངས་སུ་འཕེལ་རྒྱས་འགྲོ་བར་རོགས་རམ་བྱ་ཐུབ་ཟེར།

འདི་ནི་ཀྲུང་གོསAPECཡི་མགྲོན་བདག་གི་འགན་འཁུར་ཐེངས་གསུམ་པ་ཡིན།  རྒྱལ་ཁབ་མང་པོའི་མི་སྣས་བསྟན་དོན།  ཀྲུང་གོའིAPECཡི་ནུས་པ་ཉིན་རེ་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད་ལ།  ཀྲུང་གོ་ཕྱོགས་དང་མཉམ་དུ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཉམ་ལས་ལ་ཤུགས་བསྣན་ནས་ཐུན་མོང་སྒོས་དར་རྒྱས་གོང་འཕེལ་ཡོང་བར་རེ་སྒུག་བྱེད་ཀྱིན་ཡོད།

སི་ལོ་ཝ་ཁེའི་ཕྱི་འབྲེལ་པུའུ་ཀྲང་།   པུའུ་ལ་ནཱར་གྱིས་བཤད་རྒྱུར། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནི་ཧ་ཅང་གལ་འགངས་ཆེ་བའི་གླེང་མོལ་་ལས་སྟེགས་ཤིག་ཡིན་ཞིང་།  ཀྲུང་གོས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་གོ་ལ་ཧྲིལ་པོའི་བྱ་བའི་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད།  སི་ལོ་ཝ་ཁེ་ལ་ཡང་ཡ་ཞིའི་ས་ཁུལ་དུ་རྒྱུད་རིམ་ལྡན་པའི་འཐབ་ཇུས་མཉམ་ལས་ཀྱི་བསམ་བཀོད་ཡོད།  ངས་བསམ་ན་མིག་སྔར་ཏག་ཏག་ང་ཚོ་རྒྱལ་ཁབ་གཉིས་ཀྱིས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཉམ་ལས་ཁྱབ་ཁོངས་དེ་དུས་རིམ་གསར་པར་སྤོ་བའི་དུས་སྐབས་ཤིག་ཡིན་ལ།  ང་ཚོས་ཀྲུང་གོ་དང་ལག་གདང་སྦྲེལ་ནས་ཐུན་མོང་གིས་གོ་སྐབས་དམ་འཛིན་བྱེད་པའི་རེ་བ་ཡོད་ཟེར། 

ཆི་ལིའི་ཕྱི་འབྲེལ་པུའུ་ཡི་རྒྱལ་སྤྱིའི་དཔལ་འབྱོར་འབྲེལ་བའི་པུའུ་ཀྲང་གཞོན་པ།   ཨའེ་སི་ཐེ་ཝུའེ་སི་ཡིས་བཤད་རྒྱུར། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་ལ་ཕྱོགས་མང་གི་རིན་ཐང་ལྡན་པ་མ་ཟད།  ཆི་ལི་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཀྱང་ཡིན།  ཐེངས་འདིའི་ཚོགས་འདུ་ཡིས་སྒོ་འབྱེད་དང་གསར་གཏོད།  མཉམ་ལས་བཅས་ཀྱི་གཙོ་གནད་ཁྱབ་ཁོངས་ཆེན་པོ་གསུམ་ལ་དམིགས་ཤིང་།  ཆི་ལིར་བག་ཤུགས་ཆེན་པོ་ལྡན་པའི་ཁྱབ་ཁོངས་དང་མཉམ་འདྲེས་ཡོང་ཐུབ་པས། ང་ཚོའི་ཕྱིར་གཏོང་སྣ་མང་ཅན་ལ་རོགས་འདེགས་བྱས།  ང་ཚོས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་མུ་མཐུད་དུ་ཀྲུང་གོ་སོགས་དང་མཉམ་ལས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་རྒྱུའི་རེ་བ་ཡོད་ཟེར།

ཐན་ཙན་ནི་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་མི།   ཨེན་ཏུན་པ་ལོ་ཡིས་བཤད་རྒྱུར། ཀྲུང་གོ་ནི་རྒྱལ་ཁབ་ཆེན་པོ་ཡིན་པ་མ་ཟད་རྒྱལ་ཁབ་མང་པོའི་གྲོགས་པོ་ཡང་ཡིན། ཀྲུང་གོས་ཐེངས་འདིའིAPECཚོགས་འདུ་གཙོ་སྒྲུབ་བྱས་པར་དོན་སྙིང་གལ་ཆེན་ལྡན།   ང་ཀྲུང་གོས་བཏོན་པའི་འགག་རྩའི་ནུས་པས་ཕྱོགས་སོ་སོས་གོ་ལ་ཧྲིལ་པོར་ཕན་བདེ་སྐྲུན་པའི་ཐུན་མོང་གི་ངོས་འཛིན་བྱུང་བར་སྐུལ་འདེད་གཏོང་ཐུབ་པའི་ཡིད་ཆེས་ཡོད་ཟེར།