
ཚེས14ཉིན་མཉམ་འབྲེལ་རྒྱལ་ཚོགས་ལས་གཞི་ལས་དོན་ཐིང་གི་ལག་བསྟར་ཀྲུའུ་རེན་ཏ་ཞིས་འར་ཝ་ཡིས་ཧོའར་མུའུ་ཙི་མཚོ་འགག་གི་ལུད་རྫས་སྐྱེལ་འདྲེན་འཕྲལ་མར་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་པ་དང་། རྒྱལ་ཁབ་ཉམས་ཞན་ཅན་ཀྱི་མདུན་དུ་ལྷགས་པའི་ཛ་དྲག་གི་གནས་བབས་ཞི་ལྷོད་དུ་གཏོང་དགོས་ཟེར། ཏ་ཞིས་འར་ཝས་འགལ་བ་མ་བྱུང་གོང་གོ་ལ་ཧྲིལ་པོའི་སུམ་ཆའི་གཅིག་གི་རྫས་ལུད་ཧོའར་མུའུ་ཙི་མཚོ་འགག་བརྒྱུད་ནས་སྐྱེལ་འདྲེན་བྱེད་ཀྱིན་ཡོད། མཚོ་འགག་ལ་བཀག་སྡོམ་ཐེབས་རྗེས། གོ་ལ་ཧྲིལ་པོའི་ལུད་རྫས་ཀྱི་རིན་གོང་ཧ་ལམ30%འཕར་བ་དང་། རྒྱལ་ཁབ་མི་ཉུང་བ་ཞིག་ལ་གནོད་པ་ཐེབས། གལ་ཏེ་ས་ཁུལ་མང་པོས་མུ་མཐུད་དུ་ལུད་རྫས་མཁོ་སྤྲོད་ཀྱི་གནད་དོན་དབང་གིས་སོན་འདེབས་ཀྱི་གོ་སྐབས་ཤོར་ཚེ། གོ་ལ་ཧྲིལ་པོའི་མི་བྱེ་བ་བཞི་ས་ཡ་ལྔ་ལ་འབྲུ་རིགས་གིས་མི་འདང་བའི་གནད་དོན་ཚབས་ཆེན་དང་འཕྲད་རྒྱུའི་ཉེན་ཁ་ཆེ་ཟེར།