ཨ་རབ་མནའ་འབྲེལ་སོགས་རྒྱལ་ཁབ18ཀྱིས་དབྱི་དམག་གིས་ཅ་ཧྲའི་སྨན་ཁང་ཞིག་ལ་བར་སྣང་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་དང་ཨེ་ཅིབ། ཁ་ཐར། ཕ་ཁི་སི་ཐན་སོགས་ཨ་རབ་དང་དབྱི་སི་ལམ་རྒྱལ་ཁབ18ཀྱིས་ཚེས14ཉིན་གསལ་བསྒྲགས་སྤེལ་ནས་ ཚེས12ཉིན་དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་ཅ་ཧྲ་ས་ཁུལ་ལྷོ་རྒྱུད་ཀྱི་གྲོང་ཁྱེར་ཧན་ཡིའུ་ཉི་སིའི་ནཱ་སེར་སྨན་ཁང་དུ་བར་སྣང་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་། གསལ་བསྒྲགས་ནང་དབྱི་དམག་གིས་འཇབ་རྒོལ་བྱས་པ་དེ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལ་འགལ་ཡོད་པར་མ་ཟད་དམག་འཁྲུག་མཚམས་འཇོག་རྒྱུའི་འབད་བརྩོན་ལ་གཏོར་བཤིག་བཏང་ཡོད་ཟེར། གཞན་ད་དུང་གསལ་བསྒྲགས་ནང་ཅ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་པའི་ཚོད་འཛིན་མེད་པར་བཟོ་རྒྱུའི་འབོད་སྐུལ་བཏང་།

ཚེས14ཉིན་ཅཱ་ཧྲ་ས་ཁུལ་ལ་ཡང་བསྐྱར་དབྱི་དམག་གི་འཇབ་རྒོལ་ཐེབས་ཏེ་མི་སྣ་ཤི་རྨས་བཟོས།

​