
ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐ་ཡིས་ཚེས་བཅུ་གསུམ་ཉིན་བསྟན་དོན། ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པས་ཉིན་དེར་ཡོ་རོབ་མནའ་འབྲེལ་སྒྲིག་གཞི་དང“ཡིད་འཐད་མནའ་འབྲེལ”ཁྲོད་ཀྱི་དབྱིན་ཇི་དང་ཧྥ་རན་སི། འཇར་མན། དབྱི་ཐ་ལི། ཕོ་ལན་བཅས་ཀྱིས་ཡོ་རོབ་ཀྱི་འཐུས་ཚབ་ཚོགས་པ་འཛུགས་རྒྱུར་མོས་མཐུན་བྱུང་སྟེ། ཝུའུ་ཁོ་ལན་གྱི་ཞི་བདེའི་གྲོས་མོལ་ལ་ཞུགས་འཆར་ཡོད། ཡོ་རོབ་ཀྱི་འཐུས་ཚབ་ཚོགས་པས་མཐུན་སྦྱོར་དམ་ཟབ་བྱས་ཏེ་ཝུའུ་ཁོ་ལན་གྱི་འབྱུང་འགྱུར་དང་ཡོ་རོབ་ཀྱི་སྐམ་ས་ཆེན་མོའི་བདེ་འཇགས་ལ་འབྲེལ་བ་ཡོད་པའི་གྲོས་བསྡུར་ཚང་མའི་ཁྲོད་བསམ་ཚུལ་གཅིག་མཐུན་འདོན་རྒྱུ་རེད།
ཨུ་རུ་སུའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུའུ་ཡིས་ཚེས་བཅུ་གསུམ་ཉིན་བསྟན་དོན། ཨུ་རུ་སུ་ཕྱོགས་ཀྱིས་ཡོ་རོབ་གླིང་དང་གླེང་མོལ་བྱེད་འདོད་ཡོད། གལ་ཏེ་ཨུ་རུ་སུ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་ལ་ཝུའུ་ཁོ་ལན་གྱི་ཞི་བདེའི་འཕེལ་རིམ་ལ་བྱས་རྗེས་འཇོག་རྒྱུའི་འདོད་བློ་ངོ་མ་ཡོད་པ་ཤེས་རྟོགས་བྱུང་ཚེ། སྐབས་དེར་གྲོས་མོལ་གྱི་གཞི་རྒྱ་ཆེ་རུ་གཏོང་མིན་གཏན་འཁེལ་བྱ་ཆོག་ཟེར། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས་ཉིན་དེར་ཨུ་རུ་སུ་ཕྱོགས་ཀྱིས་ཨ་རིའི་དམིགས་བསལ་ཕོ་ཉ་དང་ཞལ་འཛོམས་གྲོས་མོལ་བྱེད་སྐབས་ཡོ་རོབ་དེ་རེས་སྐོར་རྗེས་མའི་གྲོས་དོན་ནང་འཇུག་རྒྱུར་གྲོས་བསྡུར་བྱས་མེད་ཟེར།