དབྱིན་ཇིར་སྡོད་པའི་ཨ་རིའི་དམག་དོན་རྟེན་གཞི་རུ་ཆོག་མཆན་མ་ཐོབ་པའི་མི་མེད་གནམ་གྲུ་འགུལ་སྐྱོད་བྱེད་པའི་གནས་ཚུལ་བྱུང་།
ཁུངས། ཀློག་གྲངས།

དབྱིན་ཇིའི་མཁའ་དབྱིངས་གསར་འགྱུར་ལས་ཁུངས་ཀྱིས་ཚེས13ཉིན་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཇིའི་ཤར་རྒྱུད་ཀྱི་སཱ་ཧྥུ་ཁི་ཅོན་དུ་གནས་པའི་དབྱིན་ཇིའི་གོང་མ་ཚང་གི་མཁའ་དམག་ལའེ་ཁེན་ཞི་སིའི་རྟེན་གཞིར་ཉིན་དེའི་དགོང་མོར་ཆོག་མཆན་མ་ཐོབ་པའི་མི་མེད་གནམ་གྲུ་འགུལ་སྐྱོད་བྱེད་པའི་གནས་ཚུལ་བྱུང་བ་དང་། རྟེན་གཞི་དེར་སྡོད་པའི་ཨ་རིའི་དམག་དཔུང་གི་བདེ་འཇགས་མི་སྣས་འཕྲལ་མར་གདོང་གཏད་ཡོད། གནས་ཚུལ་བསྒྲགས་པ་ལྟར་ན། ཨ་རིའི་མཁའ་དམག་གི་མགྲིན་ཚབ་པས་དོན་རྐྱེན་འདི་བདེན་དཔང་བྱས་པ་མ་ཟད།   མི་སྣ་དང་གནམ་གྲུ།   རྨང་གཞིའི་སྒྲིག་བཀོད་བཅས་ལ་ཤུགས་རྐྱེན་ཐེབས་མེད་པ་བསྟན།

གནས་ཚུལ་སྤེལ་བ་ལྟར་ན།   རྟེན་གཞིའི་མི་སྣར་སྐབས་ཤིག་རིང“ས་ཆ་དེ་རུ་ཉེན་གཡོལ་བྱེད་དགོས་པའི”བཀའ་འབྱོར་ཞིང་། དེའི་རྗེས་དབྱིན་ཇིའི་རྒྱལ་སྲུང་པུའུ་ཡིས་འབྲེལ་ཡོད་གནས་ཚུལ་ཐག་གཅོད་བྱས་ཤིང་། དབྱིན་ཇི་ཕྱོགས་ཀྱིས་ཨ་རིའི་དམག་དཔུང་དང་མཉམ་ལས་བྱས་ནས་དོན་དངོས་རྩད་གཅོད་བྱེད་བཞིན་ཡོད་པ་བསྟན།

གཞན་ཡང་ཨ་རིའི《ཧྭ་ཨར་ཁྲོམ་སྲང་ཉིན་རེའི་ཚགས་པར》གྱིས་ཚེས9ཉིན་གནས་ཚུལ་ཤེས་མཁན་བརྒྱུད་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རྒྱལ་ཚོགས་ལ་ཉིན་དེར་དབྱི་ལང་གི་འཇིགས་སྐུལ་སྐོར་གྱི་གསར་འགྱུར་མདོར་བསྡུས་འབྱོར་ཞིང་། ཨ་རིའི་དམག་དཔུང་གིས་དབྱིན་ཇིའི་མུས་འར་ཏིན་ཧོ་ཨར་མཁའ་དམག་རྟེན་གཞི་ནས་སྣུམ་སྣོན་གནམ་གྲུ་ཕྱིར་འཐེན་བྱས་པ་རེད།