ཨེ་ཅིབ་དང་ཐུར་ཁེ། ཁ་ཐར་བཅས་ཀྱི་གསང་འཕྲིན་སྡེ་ཁག་གི་འགན་འཁུར་པས་ཅ་ཧྲའི་དམག་འཁྲུག་མཚམས་འཇོག་རྒྱུའི་སྐོར་ནས་གྲོས་བསྡུར་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།། ཀློག་གྲངས། 1

ཚེས13ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨེ་ཅིབ་དང་ཐུར་ཁེ། ཁ་ཐར་བཅས་རྒྱལ་ཁབ་གསུམ་གྱི་གསང་འཕྲིན་སྡེ་ཁག་གི་འགན་འཁུར་པས་ཉིན་དེར་ཁེ་རོ་རུ་ཕྱོགས་གསུམ་གྱི་གྲོས་ཚོགས་བསྡུས་ནས། ཅ་ཧྲ་ས་ཁུལ་གྱི་གནས་བབ་འཕེལ་རིམ་གསར་ཤོས་ལ་གྲོས་བསྡུར་བྱས།

བསྒྲགས་པའི་གནས་ཚུལ་ལྟར་ན། ཕྱོགས་གསུམ་ག་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་རིམ་དང་པོའི་བཀོད་སྒྲིག་མུ་མཐུད་དུ་དོན་འཁྱོལ་བྱེད་པ་དང་། གྲོས་མཐུན་གྱི་འབྲེལ་ཡོད་དོན་ཚན་ལ་བརྩི་སྲུང་བྱེད་པ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཇེ་མང་དུ་གཏོང་བ། གནམ་གཤིས་ངན་པའི་ཤུགས་རྐྱེན་ལ་ཁ་གཏད་འཇལ་རྒྱུ་བཅས་ལ་འཐད་པ་བྱུང་།    

ཕྱོགས་གསུམ་གྱིས་ད་དུང་དབྱི་སི་རལ་གྱིས་བསྟུད་མར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་འཕྲལ་མར་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ་དང་། འབྲེལ་ཡོད་ཕྱོགས་ཀྱིས་འགོར་འགྱངས་མི་བྱེད་པར་བྱེད་ཐབས་བཟང་བོ་སྤྱད་དེ་ཅ་ཧྲ་ས་ཁུལ་གྱི་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་ཆེད་ནུས་པ་གལ་ཆེན་འདོན་རྒྱུར་སྐུལ་མ་བཏང་།

ཕྱོགས་མང་པོའི་བར་འདུམ་བརྒྱུད་དེ། ཅ་ཧྲའི་འཁྲུག་མཚམས་འཇོག་པའི་དུས་རིམ་དང་པོའི་གྲོས་མཐུན་དེ2025ལོའི་ཟླ10པའི་ཚེས10ཉིན་ནུས་ཐོན་དུ་འགྱུར་བ་དང་། དེའི་ནང་དོན་ཁྲོད་དབྱི་སི་རལ་དང་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་གྱི་འཁྲུག་མཚམས་འཇོག་པ་མ་ཟད། བཀག་ཉར་བྱས་པའི་མི་སྣ་བརྗེ་རེས་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་ཟོག་ཅ་ཧྲ་ས་ཁུལ་དུ་སྐྱེལ་བ། དབྱི་སི་རལ་གྱི་དམག་དཔུང་ཁག་ཅིག་ཅ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་པ་སོགས་འདུ།