ཨ་རིས་དབྱི་ལང་དང་གྲོས་མཐུན་འབྱུང་དགོས་དོན་མེད་ཟེར། དབྱི་ལང་གིས་ཨ་རིའི་རེག་བརྡ་རྩ་གཏོར་བཏང་ཟེར།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས12ཉིན་ཨ་རིས་དབྱི་ལང་གི་མ་དངུལ་ཨ་སྒོར་ཁྲག་ཁྲིག་འགའ་བདག་གིར་བཟུང་ཡོད་པ་མ་ཟད། ཧོ་ཨར་ཨར་མུའུ་ཙི་མཚོ་འགག་ལའང་ཚོད་འཛིན་བྱས་ཡོད་པས། ཨ་རིར་མཚོན་ན་དབྱི་ལང་དང་གྲོས་མཐུན་འབྱུང་དགོས་དོན་མེད་ཟེར།

དབྱི་ལང་དབྱི་སི་ལན་གསར་བརྗེ་རུ་ཁག་གིས་གསལ་བསྒྲགས་སྤེལ་ནས། ཚེས13ཉིན་ཨ་རིའི་དམག་དཔུང་གི་པ་ལིན་དུ་ཡོད་པའི་ཉེན་ཟོན་རེག་བརྡ་རྩ་མེད་དུ་བཏང་སྟེ། ཕ་རོལ་བོས་དབྱི་ལང་གི་འཕྲིན་གཏོང་སྒྲོམ་ལྕོག་ལ་མཁའ་རྒོལ་བྱས་པའི་བྱ་སྤྱོད་ལ་རྒོལ་ལན་སྤྲད་པ་བསྟན།