
ཚེས12ཉིན་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་གིས་མོ་སི་ཁོ་རུ་ཨ་རིའི་སྲིད་འཛིན་གྱི་ཆེད་བསྐོས་ཕོ་ཉ་ཝའེ་ཐི་ཁི་ཧྥུའུ་སོགས་ཨུ་རུ་སུ་དང་ ཨ་རི། ཝུའུ་ཁི་ལན་བཅས་ཕྱོགས་གསུམ་གྱི་གྲོས་མོལ་ནང་ཞུགས་མཁན་ཨ་རིའི་ཕྱོགས་ཀྱི་འཐུས་མིར་ཐུག་འཕྲད་བྱས། ཕུའུ་ཅིང་གིས་བསྟན་དོན། ཨུ་རུ་སུ་ཕྱོགས་ལ་མཚོན་ན། ཕྱི་རྒྱལ་གྱི་དམག་དཔུང་གང་ཞིག་ཡིན་རུང་ཝུའུ་ཁི་ལན་དུ་བཅའ་སྡོད་བྱེད་པ་དང་ལེན་གཏན་ནས་བྱེད་མི་སྲིད་ལ། ཝུའུ་ཁི་ལན་རྒྱལ་ཁོངས་སུ་ཡོད་པའི་ཕྱི་རྒྱལ་གྱི་དམག་དཔུང་དེ་ཨུ་རུ་སུའི་ཁྲིམས་མཐུན་རྡུང་རྡེག་གི་དམིགས་འབེན་དུ་འགྱུར་ངེས་ཡིན། ཕུའུ་ཅིང་གིས་ད་དུང་བསྟན་དོན། ཨུ་རུ་སུ་ཕྱོགས་ཀྱིས་ཡོ་རོབ་དང་གླེང་མོལ་བྱ་རྒྱུར་ངོ་རྒོལ་གཏན་ནས་མི་བྱེད་ལ། ཡོ་རོབ་ཀྱིས་ཨུ་རུ་སུ་དང་གླེང་མོལ་བྱེད་མཚམས་བཞག་པ་རེད།
ཝའེ་ཐི་ཁི་ཧྥུའུ་ཡིས་བསྟན་དོན། ཨ་པུའུ་ཀྲ་པིས་ནས་འཚོགས་པའི་ཕྱོགས་གསུམ་གྱི་གྲོས་མོལ་ལ་དགེ་མཚན་མི་དམན་པ་ལྡན་པས། ཕུའུ་ཅིང་དང་ཐུག་འཕྲད་བྱས་པ་དེས་ཡོ་རོབ་ཀྱི་འཐུས་མི་རེས་སྐོར་གསར་པའི་ཕྱོགས་མང་གྲོས་མོལ་ནང་ཞུགས་རྒྱུར་སྐུལ་མ་ཐེབས་རྒྱུའི་རེ་བ་ཡོད།
ཝུའུ་ཁི་ལན་གྱི་སྲིད་འཛིན་ཙི་ལན་སི་ཅི་ཡིས་ཉིན་དེའི་དགོང་མོར་ཨིར་ལན་གྱི་རྒྱལ་ས་ཏུའུ་པའོ་ལིན་ནས་ཝའེ་ཐི་ཁི་ཧྥུའུ་སོགས་ལ་ཐུག་འཕྲད་བྱས། ཁོས་རེས་སྐོར་རྗེས་མའི་གྲོས་མོལ་ཁྲོད་ཡོ་རོབ་ཀྱི་འཐུས་མི་ཞུགས་རྒྱུ་ཡིན་པ་བསྟན།
ཚེས12ཉིན། ཏུའུ་པོ་ལིན་དུ་ཡོ་རོབ་གླིང་གི་ཆབ་སྲིད་ཐུན་མོང་ཚོགས་པའི་འགོ་ཁྲིད་པའི་གྲོས་ཚོགས་ལ་ཞུགས་པའི་ཡོ་རོབ་མནའ་འབྲེལ་གྱི་དཔོན་རིགས་ཀྱིས་གསལ་བསྒྲགས་སྤེལ་ནས་བསྟན་དོན། ཡོ་རོབ་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ལ་མུ་མཐུད་དུ་ནོར་སྲིད་དང་དམག་དོན་གྱི་རྒྱབ་སྐྱོར་མཁོ་འདོན་བྱ་རྒྱུ་རེད།