
ཚེས12ཉིན་འཇར་པན་ཞིང་ནགས་ཆུ་ཐོན་ཞིང་ཆེན་གྱིས་བཤད་རྒྱུར། ཅིང་ཏུའུ་ལས་ཤག་གི་ཁྱིམ་བྱ་གསོ་སྤེལ་ར་བ་ཞིག་ཏུ་ནད་ཕོག་ཤུགས་ཆེ་བའི་བྱ་རིགས་ཆམ་རིམས་བྱུང་ཡོད། འདི་ནི་འཇར་པན་གྱིས་ངོས་འཛིན་བྱས་པའི་དུས་ཚིགས་འདིའི་ཐོག་དང་པོའི་འདབ་ཆགས་ཆམ་རིམས་ཀྱི་རིམས་ནད་རེད། འཇར་པན་གྱི་སྨྱན་སྦྱོར་གྱིས་ཚེས12ཉིན་བསྒྲགས་པ་ལྟར་ན། ཆན་ཡེ་རྫོང་གི་གསོ་སྤེལ་ར་བ་ཞིག་གིས་ཀྱང་དེ་རིང་ནད་སློང་ཤུགས་ཆེ་བའི་བྱ་རིགས་ཆམ་རིམས་ཐོན་པ་གཏན་འཁེལ་བྱས་ཡོད། ས་གནས་དེ་གའི་འབྲེལ་ཡོད་སྡེ་ཁག་གིས་གསོ་སྤེལ་ར་བ་འདི་གཉིས་ཀྱི་ཁྱིམ་བྱ་ཡོངས་རྫོགས་གསོད་འགོ་བརྩམས།