
ཚེས12ཉིན། དབྱི་སི་རལ་གྱི་དམག་དཔུང་གིས་ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ཧན་ཡིའུ་ཉི་སིའི་ནཱ་སེ་ཨར་སྨན་ཁང་ལ་མཁའ་རྒོལ་བྱས། ཕ་ལེ་སི་ཐན་ཕྱོགས་ཀྱིས་བསྟན་དོན། འཇབ་རྒོལ་ལས་ཉུང་མཐའ་ཡང་ཕྱི་ནད་ཚན་ཁག་གི་སྨན་པ་ཞིག་ཚུད་པའི་མི6རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་ཕྲག་ལ་རྨས་ཕོག དབྱི་སི་རལ་དམག་ཕྱོགས་ཀྱིས་བསྟན་དོན། འཇབ་རྒོལ་གྱི་དམིགས་ཡུལ་ནི་ཕ་ལེ་སི་ཐན་དབྱི་སི་ལན་གྱི་འགོག་རྒོལ་ལས་འགུལ་གྱི་མཐོ་རིམ་དྲག་ཆས་མི་སྣ་ཡིན། དབྱི་སི་ལན་མཉམ་ལས་རྩ་འཛུགས་དང་ཨེ་ཅིབ། ཅོར་ཏན་ཕྱི་འབྲེལ་པུའུ་སོགས་ཀྱིས་གསལ་བསྒྲགས་སྤེལ་ནས་དབྱི་སི་རལ་དམག་དཔུང་གི་འཇབ་རྒོལ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བར་རྒོལ་གཏམ་བཏང་། ཉིན་དེར་རྒྱལ་ཁབ་དང་རྩ་འཛུགས53གྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་སུ་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་ཟོག་སྤྱད་ཆོག་པའི་བགྲོད་ལམ་ཚང་མ་བརྒྱུད་དེ་ཅ་ཧྲ་ས་ཁུལ་དུ་མགྱོགས་མྱུར་གྱིས་སྐྱེལ་ཆོག་པའི་སྐུལ་མ་བཏང་བ་མ་ཟད། སྨན་བཅོས་མི་སྣ་དང་མི་ཆོས་རིང་ལུགས་ཀྱི་སྒྲིག་བཀོད་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་ལ། ནད་སྐྱོང་དང་རོགས་སྐྱོར་མི་སྣར་ཚུར་རྒོལ་བྱས་པར་བརྟག་དཔྱད་བྱ་དགོས་པ་བསྟན།