
ཚེས11ཉིན་དབྱི་སི་རལ་གྱི་སྨྱན་སྦྱོར་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། སྲིད་གཞུང་གསར་པ་འཛུགས་པར་བརྩོན་བཞིན་པའི་དབྱི་སི་རལ་ཀྲེང་ཀྲི་ཏང་གི་འགོ་ཁྲིད་པ་ཨའེ་སིན་ཁི་ཐི་དང་དབྱི་སི་རལ་རྒྱལ་སྲུང་དམག་གི་སྤྱི་ཁྱབ་ཇུས་འདོན་དཔོན་ཀྲ་སྨི་ཨེར་གཉིས་ཀྱིས་གནས་སྐབས་སྲིད་གཞུང་གི་ཙུང་ལི་ནེ་ཐཱ་ཉི་ཡ་ཧུའུ་ཡིས་ཉེ་ལམ་དབྱི་ལང་ལ་དམག་དོན་འགུལ་སྐྱོད་སྤེལ་བའི་འཆར་གཞི་ལ་ངོ་རྒོལ་བྱས།
《དབྱི་སི་རལ་སྐབས་དོན་ཚགས་པར》སྟེང་ཚེས11ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨའེ་སིན་ཁེ་ཐི་ཡིས་ཉིན་དེར་ནེ་ཐཱ་ཉི་ཡ་ཧུའུ་ལ་འཕྲིན་ཡིག་སྤྲིངས་ནས་ནེ་ཐ་ཉི་ཡ་ཧུའུ་ཡིས་ཐད་ཀར་འཇིགས་སྐུལ་མ་ཐེབས་པའི་གནས་ཚུལ་འོག་དམག་དཔུང་བཀོད་སྒྲིག་བྱེད་མི་རུང་བའི་སྐུལ་མ་བཏང་། ཨའེ་སིན་ཁེ་ཐི་ཡིས་ཐ་ཚིག་བསྒྲགས་ནས། མིག་སྔའི་སྲིད་གཞུང་གི་བར་བརྒལ་དུས་སྐབས་སུ་འདི་ལྟར་བྱས་ན་དབྱི་སི་རལ་གྱི་དམངས་གཙོ་ཐད་“རྩ་བརླག་རང་བཞིན་གྱི་མཇུག་འབྲས་”བཟོ་སྲིད་པ་མ་ཟད། ནེ་ཐ་ཉི་ཡ་ཧུའུ་ཡིས་གཅུན་སྡོམ་དང་གཟབ་གཟབ་བྱེད་དགོས་པའི་རེ་བ་བཏོན།
ཨའེ་སིན་ཁེ་ཐི་ཡིས་འཕྲིན་ཡིག་ནང་དབྱི་ལང་ཐད་ཀར་གླེང་མེད་ན་ཡང་། དབྱི་སི་རལ་སྨྱན་སྦྱོར་གྱིས་ནེ་ཐ་ཉི་ཡ་ཧུའུ་ཡིས་དབྱི་ལང་ལ་དམག་དོན་འགུལ་སྤྱོད་སྤེལ་རྩིས་ཡོད་པར་བསྟན།
དབྱི་སི་རལ་གྱི་འཕྲིན་ལམ12པའི་བརྙན་འཕྲིན་ཁང་གིས་སྔ་ཉིན་མིང་བཤད་མི་འདོད་པའི་མི་ཞིག་གི་གཏམ་དྲངས་ནས་བཤད་རྒྱུར། ཀྲ་སྨི་ཨེར་གྱིས་ནེ་ཐ་ཉི་ཡ་ཧུའུ་ཡིས་དབྱི་ལང་ལ་དམག་དོན་འགུལ་སྤྱོད་སྤེལ་བའི་འཆར་གཞིར་ཡང་བསྐྱར་ངོ་རྒོལ་བྱས་ཟེར། བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ10པའི་ཚེས27ཉིན་དབྱི་སི་རལ་གྲོས་ཁང་གི་འདེམས་བསྐོ་ཉིན་མོའི་སྔོན་ལ། ཀྲ་སྨི་ཨེར་གྱིས་ཀྱང་དེ་འདྲའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་མྱོང་བ་དང་། སྐབས་དེར་དབྱི་སི་རལ་གྱི་རྒྱལ་སྲུང་དཔོན་རིགས་ཀྱིས་དེས་གནས་བབ་རིམ་སྤོར་བྱེད་སྲིད་པ་མ་ཟད་འདེམས་བསྐོར་གཏོར་བཤིག་ཐེབས་སྲིད་ཟེར།
དབྱི་སི་རལ་གྱི་སྲིད་འཛིན་ཧེར་ཙོ་ཀི་ཡིས་ཚེས8ཉིན་ཨའེ་སིན་ཁེ་ཐི་ལ་དངོས་སུ་སྲིད་གཞུང་གསར་པ་འཛུགས་པའི་དབང་ཆ་སྤྲད། དབྱི་སི་རལ་གྱི་བཅའ་ཁྲིམས་ལྟར་ན། ཨའེ་སིན་ཁེ་ཐི་ལ་ཉིན28རིང་གི་སྲིད་གཞུང་གསར་པ་འཛུགས་པའི་དུས་ཚོད་ཡོད་པ་དང་། དགོས་ངེས་སྐབས་སུ་ཆེས་མང་ན་ཡང་ཉིན14རྒྱུན་བསྲིང་བའི་རེ་ཞུ་བྱས་ཆོག སྲིད་གཞུང་གསར་པས་ལས་འགན་མ་བཞེས་གོང་ནེ་ཐ་ཉི་ཡ་ཧུའུ་ཡིས་མུ་མཐུད་དུ་གནས་སྐབས་སྲིད་གཞུང་གི་ཙུང་ལིའི་འགན་འཁུར་རྒྱུ་རེད།