
དབྱི་ལང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ལེ་ཀྲ་དབྱི་ཡིས་ཚེས12ཉིན་བསྟན་དོན། གལ་ཏེ་ཨ་རིས་ད་རུང་དབྱི་ལང་ལ་དྲག་ཤུགས་སྤྱད་ཚེ། “བཙན་འཛུལ་ནང་ཞུགས་པའི”ཡོ་རོབ་ཀྱི་དམག་དོན་རྟེན་གཞི་ཡང་དམིགས་ཡུལ་དུ་འགྱུར་ངེས།
ལེ་ཀྲ་དབྱི་ཡིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་བཤད་རྒྱུར། གལ་ཏེ་ཨ་རིས་ད་རུང་དབྱི་ལང་ལ་དམག་དོན་འགུལ་སྐྱོད་སྤེལ་ན། “ཨེ་ཤ་ཡ་ནུབ་མ་ནས་ཡོ་རོབ་བར་གྱི་བཙན་འཛུལ་ནང་ཞུགས་པའི་དམག་དོན་རྟེན་གཞི་ཚང་མ་དབྱི་ལང་གིས་རྡུང་རྡེག་གཏོང་བའི་ཁྲིམས་མཐུན་དམིགས་ཡུལ་དུ་འགྱུར་ངེས”པ་དང་། “བདེ་འཇགས་ཀྱི་གནས་ཤིག་མེད”ཟེར།