ཙི་ལེན་སི་ཅི་ཡིས་ཏུའུ་པོ་ལིན་དུ་འབྱོར་ནས་ཨ་རི་ཕྱོགས་ཀྱི་འཐུས་མི་དང་ཐུག་འཕྲད་བྱ་རྒྱུ་ཡིན་པ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཝུའུ་ཁི་ལན་གྱི་སྲིད་འཛིན་ཙི་ལན་སི་ཅི་ཡིས་ཚེས11ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས་ཁོ་རང་ཨིར་ལན་གྱི་རྒྱལ་ས་ཏུའུ་པོ་ལིན་དུ་འབྱོར་ནས་སྐབས་དགུ་པའི་ཡོ་རོབ་གླིང་གི་ཆབ་སྲིད་ཐུན་མོང་སྒྲིག་གཞིའི་འགོ་ཁྲིད་པའི་ཚོགས་འདུར་ཞུགས་རྒྱུ་ཡིན་པ་མ་ཟད།      ཨ་རིའི་སྲིད་འཛིན་གྱི་ཆེད་བསྐོས་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་དང་སྲིད་འཛིན་ཐི་ལང་ཕུའུ་ཡི་མག་པ་ཁུའུ་ཧྲི་ན་དང་ཐུག་འཕྲད་བྱ་རྒྱུའི་འཆར་གཞི་བཀོད་ཡོད་པ་བསྟན།

ཙི་ལན་སི་ཅི་ཡིས་བསྟན་དོན། ཁོས་ཉིན་གཉིས་ཀྱི་རིང་འགོ་ཁྲིད་པ20ཉེ་བར་ཕྱོགས་གཉིས་སམ་ཡང་ན་ཕྱོགས་མང་གི་གྲོས་མོལ་བྱེད་རྩིས་ཡོད། ཁོས་ཝུའུ་ཁི་ལན་གྱིས་སྔ་མོ་ཞི་བདེ་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ་མ་ཟད། ཕྱོགས་སོ་སོས་ཝུའུ་ཁི་ལན་ལ་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཨུ་རུ་སུ་དང་།  ཨ་རི།  ཝུའུ་ཁི་ལན་བཅས་ཕྱོགས་གསུམ་གྱི་གྲོས་མོལ་ཚེས11ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུའུ་ཀྲ་པེ་རུ་མཇུག་བསྒྲིལ།   ཁུའུ་ཧྲི་ན་ཡིས་གྲོས་མོལ་མཇུག་རྫོགས་རྗེས་ཁོ་དང་ཝུའེ་ཐི་ཁི་ཧྥུའུ་ཚེས12ཉིན་མོ་སི་ཁོ་རུ་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་ཐུག་འཕྲད་བྱ་རྒྱུ་ཡིན་པ་དང་།   དེར་ཡོ་རོབ་གྲོས་མོལ་ནང་ཞུགས་སྲིད་པའི་སྐོར་གྲོས་བསྡུར་གནང་རྒྱུ་རེད། དེའི་རྗེས་ཏུའུ་པོ་ལིན་ལ་ཕྱིན་ནས་ཙི་ལན་སི་ཅི་ལ་གྲོས་མོལ་གྱི་གནས་ཚུལ་བརྡ་ཁྱབ་གཏོང་རྒྱུ་ཡིན་པ་བསྟན། ཨུ་རུ་སུའི་སྲིད་འཛིན་གྱི་ལས་རོགས་ཝུའུ་ཧྲ་ཁི་ཧྥུའུ་ཡིས་བསྟན་དོན། ཚེས12ཉིན་གྱི་སྔ་དྲོར། ཕུའུ་ཅིན་གྱིས་ཁུའུ་ཧྲི་ན་དང་ཝུའེ་ཐི་ཁི་ཧྥུའུ་ལ་ཐུག་འཕྲད་བྱ་རྒྱུ་རེད།